ཀྲུང་གོའི་ཡུལ་སྐོར་བ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་བའི་གཙོ་ཤུགས་སུ་གྱུར་བ།
སྤེལ་བའི་དུས་ཚོད། : 2017-11-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ། ད་ལོ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཡུལ་སྐོར་མཉམ་ལས་ཀྱི་ལོ་ཞིག་ཀྱང་ཡིན། ཡུལ་སྐོར་མཉམ་ལས་དེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ཀྱི་སྔོན་ལ་བསམ་བློ་གཏོང་བའི་ཁ་ཕྱོགས་ལ་གྱུར་ཡོད།

མིག་སྔར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ནི་ཕན་ཚུན་གལ་ཆེའི་ཡུལ་སྐོར་བའི་ཡོངས་ཁུངས་དང་ཡུལ་སྐོར་བྱེད་སའི་ས་ཆ་ཞིག་ཡིན་པ་དང་། ཀྲུང་གོ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་བའི་ཡོངས་ཁུངས་ཆེན་པོ་དང་པོ་དེ་ཡིན། ན་ནིང་ཕྱོགས་གཉིས་པོའི་མི་སྣའི་འགྲོ་འོངས་བྱེད་ཚད་མི་ཐེངས་བྱེ་བ་གསུམ་དང་ས་ཡ་བརྒྱད་ལས་རྒལ་ཡོད་པ་དང་། གཟའ་འཁོར་རེར་གནམ་གྲུ་ཁག་༢༧༠༠ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།