ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་སྐད་ཆ་ཤོད་རེས་རོགས་པའི་འགོ་ཁྲིད་པས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བར་རྟེན་འབྲེལ་ཞུས་པ།
སྤེལ་བའི་དུས་ཚོད། : 2017-11-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྤྱི་ཚེས་12ཉིན་གྱི་དགོང་མོ་ཧྥེ་ལི་ཕིན་རྒྱལ་ས་མ་ཉི་ལར་རྟེན་འབྲེལ་མཛད་སྒོ་གཉེར་བ་དང་། སྐབས་༣༡པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དབུ་ཚོགས་དང་ཨེ་ཤ་ཡ་ཤར་མའི་མཉམ་ལས་དབུ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྐད་ཆ་ཤོད་རེད་ཀྱི་རོགས་པའི་འགོ་ཁྲིད་པས་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།

ད་ཐེངས་ཀྱི་དབུ་ཚོགས་ཐོག་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོ་ཁྲིད་པས་གཞི་གཅིག་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གྱི་གནད་དོན་ལ་གྲོས་མོལ་གནང་རྒྱུ་ཡིན་པ་དང་། དབུ་ཚོགས་རྗེས་སུ་ད་དུང་ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པས་གྲོས་ཚོགས་རབ་དང་རིམ་པ་སྐོང་འཚོགས་བྱ་རྒྱུ་དང་། དེའི་ནང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷའི་མནའ་འབྲེལ་གྱི་བཅུ་ཐོག་གཅིག་སྣོན་འགོ་ཁྲིད་པས་གྲོས་ཚོགས་ཐེངས་༢༠པ་དང་། ཨེ་ཤ་ཡ་ཤར་ལྷའི་མནའ་འབྲེལ་དང་ཀྲུང་གོ ལྗར་པན།ལྷོ་ཁུ་རི་ཡ་བཅས་བཅུ་ཐོག་གསུམ་སྣོན་གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་༢༠པ། སྐབས་བཅུ་གཉིས་པའི་ཨེ་ཤ་ཡ་ཤར་མའི་དབུ་ཚོགས་སོགས་ཀྱི་བྱེད་སྒོ་ཚུད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།