ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐན་གྱིས་ཀྲུང་གོ་དང་ལོ་སིའི་འབྲེལ་བའི་ཁྱད་ཆོས་ཆེ་ཤོས་ནི་ཏང་གཉིས་པོའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྣེ་ཁྲིད་བྱེད་རྒྱུ་དེ་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-11-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིར་འཚམས་འདྲི་གནང་བར་མ་ཕེབས་གོང་གི་སྔ་ནུབ་ཏུ་ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐན་གྱིས་ཀྲུང་གོ་དང་ལོ་སིའི་གསར་འགྱུར་ཚན་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་ཡོད་པ་དང་ཝང་ཝུན་ཐན་གྱིས། ཀྲུང་གོ་དང་ལོ་སིའི་འབྲེལ་བའི་ཁྱད་ཆོས་ཆེ་ཤོས་ནི་ཏང་གཉིས་པོའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྣེ་ཁྲིད་བྱེད་རྒྱུ་དེ་རེད་ཅེས་ངོ་སྤྲོད་གནང་འདུག

ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ལོ་སི་ནི་ཀྲུང་ནན་ཕྱེད་གླིང་ཕྲན་བྱང་ངོས་སུ་གནས་པའི་ནང་ལོག་སྐམ་སའི་རྒྱལ་ཁབ་ཅིག་ཡིན་་པ་དང་བྱང་ངོས་ཀྱི་མཐའ་མཚམས་ཀྲུང་གོ་དང་འབྲེལ་ཡོད། སྤྱི་ལོ་༡༩༧༥ལོའི་ཟླ་༡༢ཚེས་༢ཉིན། ལོ་སིའི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་དང་ལོ་སིའི་མི་དམངས་གསར་བརྗེ་ཏང་ནི་ལོ་སིའི་སྲིད་ཏང་ཉག་ཅིག་དེ་ཡིན་པ་རེད།

ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐན་གྱིས་སྐད་ཆ་ཚིག་གསུམ་ཐོག་ནས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདོར་བསྟན་གནང་ཡོད་པ་སྟེ། ཆབ་སྲིད་ཐད་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་དང་དཔལ་འབྱོར་ཐད་ཁྱོན་ཡོངས་ནས་མཉམ་ལས་བྱེད་ཀྱི་ཡོད་པ། མི་ཆོས་རིག་གནས་ཐད་འབྲེལ་གཏུག་རྒྱ་ཁྱབ་བྱེད་ཀྱི་ཡོད་པ་བཅས་ཡིན་པ་རེད། འདས་ཟིན་པའི་ལོ་ལྔའི་ནང་། ཀྲུང་གོ་དང་ལོ་སིའི་འབྲེལ་བའི་ཁྱད་ཆོས་ཆེ་ཤོས་ནི། ཏང་གཉིས་པོའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྣེ་ཁྲིད་བྱེད་ཀྱི་ཡོད་པ་དེ་རེད། ལོ་ལྔ་སོང་རིང་ཏང་གཉིས་པོའི་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་འཕྲད་ཡང་ཡང་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཐོ་རིམ་ཇུས་བཀོད་ཡག་པོ་གནང་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་གསུངས་འདུག སྐྱིད་པོས་བསྒྱུར།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།