ཨ་ཧྥུ་ཀེ་ནི་སི་ཐན་གྱི་ཙུང་ཐུང་ཁར་ཀྲ་ཡིས་ཨ་རིས་ཨ་ཧྥུ་ཀི་ནི་སི་ཐན་ལ་བཏོན་པའི་འཐབ་ཇུས་གསར་པ་ལ་སྐྱོན་བརྗོད་བྱས་པ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་ཧྥུ་ཀེ་ནི་སི་ཐན་གྱི་ཙུང་ཐུང་ཟུར་པ་ཧ་མི་ཏེ་ཁར་ཀྲ་ཡིས་སྤྱི་ཚེས་༡༢ཉིན་ཨ་རིས་ཨ་ཧྥུ་ཀེ་ནི་སི་ཐན་ལ་བཏོན་པའི་འཐབ་ཇུས་གསར་པ་ལ་སྐྱོན་བརྗོད་བྱས་པ་མ་ཟད་ཨ་ཧྥུ་ཀེ་ནི་སི་ཐན་གྱི་སྲིད་གཞུང་གི་དབུ་ཁྲིད་མི་སྣས་ཛ་དྲག་ངང་རྒྱལ་དམངས་ཚོགས་ཆེན་འཚོགས་པའི་འབོད་སྐུལ་བྱས་པ་དང་། དེ་ནི་རྒྱལ་ཁབ་དེར་ཡུན་རིང་ཁྲད་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་གཅིག་པུ་དེ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཁར་ཀྲ་ཡིས་ཨ་རིས་ཨ་ཧྥུ་ཀེ་ནི་སི་ཐན་ལ་བཏོན་པའི་འཐབ་ཇུས་ ཀྱི་དམིགས་ཡུལ་དེ་ནི་དམག་འཁྲུག་སློང་བ་ཞིག་ཡིན་པ་ལས་ཞི་བདེ་ཆ་འཕྲིན་གང་ཡང་བརྒྱུད་སྤྲོད་བྱེད་མེད། ཨ་རིས་འཇིགས་རྐུལ་ལ་ངོ་རྒོལ་བྱེད་པའི་ཐབས་ཇུས་བཟུང་བ་དེས་ཐལ་བསྐྱོད་སྒྲིག་འཛུགས་དབྱི་སི་ལན་ཟེར་བའི་དེ་མནར་གཅོད་ཚད་མེད་བཏང་ནས་མི་ཟེར་མང་པོ་ཞིག་རྐྱེན་ལམ་དུ་བཏང་ཡོད་ལ་དེ་བས་རྒྱལ་ཁབ་ཧྲིལ་པོ་རྩ་གཏོར་དུའ་ང་གཏོང་ཉེན་ཡོད་ཅེས་བཤད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་དབང་།