ཐུར་ཁེས་ཨ་རིས་འཐུས་ཆན་ལག་འཁྱེར་གྱི་ཟིང་ཆ་ཐག་གཅོད་བྱས་པའི་རེ་ཞུ་འབྱོར་བྱུང་ཞེས་བཤད་པ།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཐུར་ཁེའི་ཙུང་ཐུང་གཞུང་ལས་ཁང་གི་མགྲིན་ཚབ་པ་ཁ་ལིན་གྱི་སྤྱི་ཚེས་༡༢ཉིན་ཐུར་ཁེ་ཕྱོགས་ལ་ཨ་རིས་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ཀྱི་འཐུས་ཆན་ལག་འཁྱེར་གྱི་ཟིང་ཆ་ཐག་གཅོད་བྱས་པའི་རེ་ཞུ་འབྱོར་བྱུང་ཞེས་དང།

ཁ་ལིན་ཡིས་ཐུར་ཁེ་ཕྱོགས་ནས་ཨ་རིའི་རེ་ཞུར་ཞིབ་ཕྲའི་དཔྱད་དཔོག་བྱེད་ནས་རྒྱལ་ཁབ་གཉིས་པོའི་འཐུས་ཆན་ལག་འཁྱེར་གྱི་ཟང་ཟིང་གི་གནས་ཚུལ་དེ་ཐུར་ཁེ་ཕྱོགས་ནས་བརྗོད་ན་རྙོག་གྲ་མེད་པ་དང་། ཉིན་གཅིག་གི་ནང་དུ་ཐག་གཅོད་བྱེད་ཐུབ་ཅེས་གསུང་ཡོད་པ་རེད།
ཐུར་ཁེ་གླེང་ཕྱོགས་ཀྱིས་ཨ་རིས་འཐུས་ཆན་ལག་འཁྱེར་གྱི་ཞབས་ཞུ་མཚམས་འཇོག་རྒྱུ་ནི་གླ་པ་འཛིན་བཟུང་བྱས་པར་མི་འདོད་པའི་རྣམ་པ་བསྟན་ཡོད།

དབྱི་སི་ཐན་པུར་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་ས་གནས་འདི་གའི་གླ་པ་ཞིག་ཚེས་༤་ཉིན་འཛིན་བཟུང་བྱེད་པ་དང་། མི་དེའི་ནག་ཉེས་ནི་ཆབ་སྲིད་དང་དམག་དོན་གྱི་གསང་ཉུལ་བྱེད་སྒོར་བཞུགས་ཡོད་པ་དང་ཆབས་ཅིག་རྩ་ཁྲིམས་སྒྲིག་ལམ་མགོ་རྟིང་སློག་པའི་ལྐོག་ཇུས་འདིང་བ་བཅས་ཡིན་པའི་སྐྱོན་འཛུགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་དབང་།