ལྗར་པན་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་འདེམས་བསྐོ་སྔ་སྣུར་བྱེད་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2017-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་བཅུ་ཉིན། ལྗར་པན་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་འདེམ་བསྐོའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས། ཉིན་བཅུ་གཉིས་རིང་གི་ལྗར་པན་གྱི་གྲོས་ཚོགས་ཁང་སྨད་པའི་འདེམ་བསྐོའི་འགྲན་བསྡུར་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད། སྤྱི་ཚེས༡༡ཉིན་ནས་བཟུང་།ལྗར་པན་གྱི་རྒྱལ་ཁབ་ཡོངས་ཀྱི་ས་ཁུལ་ཁག་ཏུ་འདེམ་བསྐོར་སྔར་བསྣུར་དུ་འདེམ་ཤོག་འཕེན་ཡོད་པ་རེད།

འདི་ནི་ལྗར་པན་གྱིས་གཞུང་ཞབས་པ་འདེམ་བསྐོའི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ། འདེམ་བསྐོའི་ལོ་ཚད་ལོ༡༨ཡན་ལ་བསྒྱུར་རྗེས་ཀྱི་གྲོས་ཚོགས་ཁང་སྨད་པའི་འདེམ་བསྐོ་དང་པོ་དེ་ཡིན། ལོ་ན་གཞོན་པའི་འདེམ་མི་ལ་སྟབས་བདེ་སྐྲུན་ཆེད། ལྗར་པན་གྱིས་སློབ་གྲྭ་ཆེན་མོ་དང་མཐོ་འབྲིང་ཁག་ཅིག་ནང་དུ་སྔར་བསྣུར་གྱི་འདེམ་ཤོག་འཕེན་ས་བཙུགས་ཡོད་པ་རེད། འདེམ་ཤོག་འཕེན་ཚད་མཐོ་རུ་གཏོང་ཆེད། སྤྱི་ཚེས༡༡ཉིན་ནས་བཟུང་། ལྗར་པན་གྱིས་སྔ་རྗེས་སུ་སྒོ་རྩིས་ཚོང་ཁང་དང་སྟབས་བདེ་ཚོང་ཁང་སོགས་ཚོང་ལས་སྒྲིག་ཆས་སུ་སྔར་བསྣུར་གྱི་འདེམ་ཤོག་འཕེན་ས་ཡང་བཙུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ།