སུ་ཏན་ཏ་ཧྥུར་ལ་བསྐྱོད་མཁན་ཀྲུང་གོའི་ཞི་སྲུང་དཔོན་དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་གཟི་བརྗིད་གཟེངས་རྟགས་ཐོབ་པ།
སྤེལ་བའི་དུས་ཚོད། : 2017-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་ཟླ་ཧྥུར་ལ་བཅའ་སྡོད་མཉམ་འབྲེལ་རྒྱལ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེད་གཏོང་ཚོགས་པས་སུ་ཏན་ཏ་ཧྥུར་ལ་བསྐྱོད་མཁན་ཀྲུང་གོའི་ཁག་༡༣གྱི་ཞི་སྲུང་བཟོ་བསྐྲུན་དམག་ཡན་ལག་རུ་ཁག་གི་དཔོན་དམག་༢༢༥ར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་གཟི་བརྗིད་གཟེངས་རྟགས་སྤྲད་ཡོད། ཏ་ཧྥུར་ལ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཉམ་འབྲེལ་ཆེད་གཏོང་ཚོགས་པའི་སྤྱི་ཁྱབ་དྲག་ཇུས་དཔོན་ལུ་ཐ་ཧ་ཉིན་དེ་ཁའི་མཛད་སྒོར་ཞུགས་ཤིང་དཔོན་དམག་ལ་གཟེངས་རྟགས་སྤྲད་གནང་ཡོད། ལུ་ཐ་ཧས་ཀྲུང་གོའི་ཞི་སྲུང་བཟོ་བསྐྲུན་དམག་ཡན་ལག་རུ་ཁག་གི་ལས་དོན་ཁག་ལ་ཚད་མཐོའི་བསྔགས་བརྗོད་གནང་ཡོད། ན་ནིང་སྤྱི་ཟླ་༡༢པར་བཀོད་སྒྲིག་བྱས་པ་ནས་བཟུང་། ཀྲུང་གོའི་ཞི་སྲུང་དཔོན་དམག་གིས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་། ས་ཁུལ་གྱི་དུས་བབ་ཟང་ཟིང་། ལས་འགན་ལྗི་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས། སྔ་རྗེས་སུ་ཉི་ཡ་ལ་གནམ་ཐང་གི་ཟུར་གཏོགས་སྒྲིག་ཆས་རིམ་སྤར་དང་། གེ་རུའི་ཟླ་སྒར་སའི་འགོག་སྲུང་སྒྲིག་ཆས་རིམ་སྤར་སོགས་ཀྱི་ལས་གྲ་ཚད་གཞི་མཐོ་པོས་ལེགས་སྒྲུབ་ཟིན་པས། སུ་ཏན་ཏ་ཧྥུར་ལ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཉམ་འབྲེལ་ཆེད་གཏོང་ཚོགས་པ་དང་ས་གནས་དེའི་ཁའི་་སྲིད་གཞུང་། མི་དམངས་བཅས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།