ཝེ་ནེ་ཙུའེ་ལའི་ཚུང་ཐུང་གིས་ཀྲུང་གོས་ལེགས་འགྲུབ་ལྡན་པའི་ངང་ཝེ་ནེ་ཙུའི་ལར་སྲུང་སྐར་འཕེན་གཏོང་བྱེད་རོགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༩ཉིན་གྱི་སྔ་དྲོ་ཝེ་ནེ་ཙུའི་ལའི་ཙུང་ཐུང་མ་ཏུ་ལོས་བརྙན་འཕྲིན་གསུངས་བཤད་ནང་ཀྲུང་གོས་་ལེགས་འགྲུབ་ལྡན་པའི་ངང་ཝེ་ནེ་ཙུའེ་ལར་སྲུང་སྐར་ཨང་གསུམ་པ་འཕེན་གཏོང་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད། མ་ཏུ་ལོས། འདི་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུས་སྐབས་ཞིག་ཡིན་ཏེ། སྲུང་སྐར་ལེགས་འགྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ་དེས་ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་ཀྱི་སྤྱི་ཡོངས་གོང་འཕེལ་ལ་སྐུལ་འདེད་ཐེབས་ཐུབ་ཅེས་དང་། ཁོང་གིས་ཀྲུང་གོས་ཝེ་ནེ་ཙུའེ་ལར་ལག་རྩལ་ཐད་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་བར་ལེགས་འགྲུབ་ལྡན་པའི་ངང་མཉམ་ལས་བྱས་ནས་སྲུང་སྐར་གསུམ་འཕེན་གཏོང་ཐུབ་པ་དེས་ཝེ་ནེ་ཙུའེ་ལ་རིམ་བཞིན་ལག་རྩལ་ཐད་རང་སོ་སོར་བརྟེན་པའི་ལམ་བུའི་ཐོག་བསྐྱོད་ཐུབ་ཅེས་གསུངས་ཡོད། པེ་ཅིང་གི་དུས་ཚོད་སྤྱི་ཚེས་༩ཉིན་གྱི་ཆུ་ཚོད་༡༢དང་སྐར་མ་༡༣ཐོག རང་རྒྱལ་གྱི་ཙིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་རྒྱང་བསྐྱོད་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདེལ་ཨང་བཞི་པ་བརྒྱུད་ཝེ་ནེ་ཙུའེ་ལའི་རྒྱང་ཚོར་སྲུང་སྐར་གཉིས་པ་རྟགས་ཅན་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱལ་རྒྱུ་ཡིན་ཞིང་འཕེན་གཏོང་ལས་འགན་ཐུགས་གྲ་ལེགས་སྒྲིག་བྱུང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།