དབྱི་རག་གི་ཙུང་ལིས་དབྱི་རག་ནང་ཁུངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལོ་འདིའི་ནང་ཚུན་དུ་རྩ་མེད་བཟོ་ཐུབ་ཅེས་གསུངས་པ།
སྤེལ་བའི་དུས་ཚོད། : 2017-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་དབྱི་རག་གི་ཙུང་ལི་ཧེ་ཏེར་ཨ་པ་ཏིས། དབྱི་རག་ནང་ཁུངས་སུ་ཡོད་པའི་ཐལ་བསྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་སྟོབས་ཤུགས་ལོ་འདིའི་ནང་ཚུན་དུ་རྩ་མེད་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད། དབྱི་རག་དམག་དཔུང་གིས་སྤྱི་ཟླ་༧པར་དབྱི་སི་ལན་རྒྱལ་ཁབ་ཟེར་བས་དུས་ཡུན་ལོ་གསུམ་ལྷག་ཚོད་འཛིན་བྱས་པའི་གྲོང་ཁྱེར་ཆེན་པོ་གཉིས་པ་མོ་སུར་ཚུར་བླངས་པ་དང་། དེ་རྗེས་མོ་སུར་ནུབ་རྒྱུད་ཀྱི་ཐེ་ལེ་ཨ་ཧྥེར་ཚུར་བླངས་ཡོད། ཉིན་ཤས་གོང་སླར་ཡང་ཅིར་ཁུ་ཁེ་མངའ་སྡེའི་ནུབ་རྒྱུད་ཀྱི་ཧ་ཝེ་ཅེ་ས་ཁུལ་ཚུར་བླངས་ཡོད། མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཟེར་བས་དབྱི་རག་ཏུ་ཚོད་འཛིན་བྱས་པའི་ས་ཁུལ་ས་ལ་ཧེ་ཏིང་མངའ་སྡེའི་ཧྥེར་ཅ་ཐེ་གྲོང་བརྡལ་དང་། ཨན་པར་མངའ་སྡེའི་ནུབ་རྒྱུད་ཀྱི་གྲོང་བརྡལ་གསུམ་། དེ་མིན་ས་ཁོངས་ཆུང་ཆུང་ཁག་གཅིག་ལས་མེད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།