ཨུ་རུ་སུས་སོ་ཏེ་ཨ་རབ་ལ་མཚོན་ཆ་རིགས་ལྔ་མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་དམག་དོན་ལག་རྩལ་མཉམ་ལས་ཅུས་ཀྱིས་ཨུ་རུ་སུས་གྲོས་ཆོད་ལ་གཞིགས་ནས། སོ་ཏེ་ཨ་རབ་ལ་S400རྟགས་ཅན་གྱི་མཁའ་ཟོན་མེ་ཤུགས་འཕུར་མདེལ་དང་། EMརྟགས་ཅན་གྱི་ཐན་ཁེ་འགོག་ཆེད་མེ་ཤུགས་འཕུར་མདེལ། TOS-1Aརྟགས་ཅན་གྱི་མེ་ཤུགས་འཕུར་མདེལ། AGS-30རྟགས་ཅན་གྱི་རང་ཚུགས་མདེའུ་རྒྱུགས་མེ་སྒྱོགས་འཕེན་གཏོང་འཕྲུལ་ཆས། AK-103རྟགས་ཅན་གྱི་རིང་མདའ་བཅས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁེ་ཧྥུས་ཨུ་རུ་སུ་དང་སོ་ཏེ་ཨ་རབ་བར་གྱི་འགོག་སྲུང་མཉམ་ལས་ཀྱི་དམིགས་ཡུལ་ནི་འཛམ་གླིང་དང་ས་ཁུལ་གྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་ཡིན་པ་ལས་རྒྱལ་ཁབ་གང་རུང་ལ་དམིགས་པ་ཞིག་མིན། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་གྲོས་ཆོད་ལག་བསྟར་བྱ་ཆེད་འབྲེལ་གཏུག་ཧུར་ཐག་བྱེད་བཞིན་ཡོད་པད་ང་། གྲོས་མོལ་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།