ལྗར་པན་ཧྥུ་ཏའོ་ས་གནས་ཁྲིམས་ཁང་གིས་ཧྥུ་ཏའོ་རྡུལ་ཉིང་དོན་རྐྱེན་གྱི་ཞུ་སྦྱོར་སྔ་མར་གྱོད་ཁ་ཐོབ་པའི་ཁྲུན་ཐག་བཅད་པ།
སྤེལ་བའི་དུས་ཚོད། : 2017-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྗར་པན་སྨྱན་སྦྱོར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལྗར་པན་ཧྥུ་ཏའོ་ས་གནས་ཁྲིམས་ཁང་གིས་སྤྱི་ཚེས་༡༠ཉིན་ཧྥུ་ཏའོ་རྡུལ་ཉིང་གློག་ཁང་གི་དོན་རྐྱེན་གྱི་ཞུ་སྦྱོར་སྔ་མར་གྱོད་ཁ་ཐོབ་པའི་ཁྲུན་ཐག་བཅད་པ་དང་། ཁྲིམས་ཁང་གིས་ལྗར་པན་སྲིད་གཞུང་དང་ཧྥུ་ཏའོ་རྡུལ་ཉིང་གློག་ཁང་ཚོར་གཉེར་བྱེད་མཁན་གྱི་ཐོ་ཁེའུ་གློག་ཤུགས་ཀུང་སིས་རྡུལ་ཉིང་དོན་རྐྱེན་དེར་འགན་འཁུར་དགོས་པའི་ངོས་འཛིན་བྱས་པ་དང་། ཁོང་ཚོས་ཞུ་སྦྱོར་སྔ་མ་༣༨༠༠ཡི་ནང་གི་མི་༢༩༠༠ལ་ལྗར་པན་གྱི་དངུལ་སྒོར་དུང་ཕྱུར་༤དང་བྱེ་བ་༩སྟེ་མི་དམངས་ཤོག་སྒོར་བྱེ་བ་༢དང་ས་ཡ་༩འབུམ་༥ཡི་གུན་གསབ་སྤྲོད་དགོས་པའི་བཀའ་བཏང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།