ཨུ་རུ་སུས་ཁོ་རི་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་སྐད་ཆ་ཤོད་རེས་དམ་ཟབ་བྱེད་འདོད་ཡོད་པའི་རྣམ་པ་བསྟན་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཕྱི་འབྲེལ་པུའི་སྐོར་ཞིབ་དཔོན་པུ་འར་མི་སི་ཐེ་ལོ་ཧྥུས་སྤྱི་ཚེས་༡༢ཉིན་མོ་སི་ཁོར་བྱང་ཁོ་རི་ཡའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཕེབས་སྐབས། ཨུ་རུ་སུས་བྱང་ཁུ་རི་ཡ་དང་ཁུ་རི་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་ཐད་རྫ་དྲག་པའི་སྐད་ཆ་ཤོད་རེས་བྱ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཐ་སེ་གསར་འགྱུར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། པུ་འར་མི་སི་ཐེ་ལོ་ཧྥུས་ད་ལྟའི་དུས་བབ་འོག། ཨུ་རུ་སུས་བྱང་ཁོ་རི་ཡའི་འགོ་ཁྲིད་པའི་བློ་རིག་མངོན་ཐུབ་པ་དང་། ཆབས་ཅིག་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་ཐོག་ནས་ཁོ་རི་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བྱམས་པ་ཚེ་རིང་།