བྱང་ཁོ་རི་ཡས་ཕྱོགས་ཀུན་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱང་ཁོ་རི་ཡར་འབྲེལ་བ་ཡོད་པའི་གྲོས་ཆོད་ལ་ངོ་རྒོལ་བྱས་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་བྱང་ཁོུ་རི་ཡའི་ཕྱི་འབྲེལ་པུས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ནས། སྤྱི་ཚེས་༡༡ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱང་ཁོ་རི་ཡ་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ནི་ཁྲིམས་མཐུན་མ་ཡིན་པ་དང་། བྱང་ཁོ་རི་ཡས་གྲོས་ཆོད་དེར་རྒོལ་གཏམ་དྲག་པོ་སྤེལ་རྒྱུ་དང་ཕྱོགས་ཡོངས་ནས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཉིན་དེ་ཁར། བྱང་ཁོ་རི་ཡའི་ཀྲུང་དབྱང་གསར་འགྱུར་ཁང་ནས་སྤེལ་བའི་ཕྱི་འབྲེལ་པུའུ་སྤྱི་བསྒྲགས་ནང་། ཨ་རིས་སླར་ཡང་གཙོ་ཁྲིད་བྱས་ནས་སྤེལ་བའི་ཁྲིམས་འགལ་གྱི་བཀག་སྡོམ་བྱེད་པའི་གྲོས་ཆོད་བཞག་པ་དེའི་ཐོག་ནས་བྱང་ཁོ་རི་ཡས་རང་ཉིད་ཀྱིས་བདམས་པའི་འགྲོ་ལམ་དེ་ཡང་དག་པ་ཡིན་པ་མངོན་པ་དང་། བྱང་ཁོ་རི་ཡས་དེ་བས་བློ་བརྟན་འགྱུར་མེད་དང་དེ་བས་མགྱོགས་མྱུར་གྱིས་འགྲོ་ལམ་འདིའི་ཐོགས་མཐའ་གཅིག་ཏུ་བསྐྱོད་རྒྱུའི་བློ་སྟོབས་བརྟན་དུ་འགྲོ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་བདག་དབང་དང་འཚོ་གནས་དབང་ཆར་སྲུང་སྐྱོབ་བྱས་ནས་བྱང་ཁོ་རི་ཡས་མགྱོགས་མྱུར་ངང་རང་ཉིད་ཀྱི་སྟོབས་ཤུགས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བྱམས་པ་ཚེ་རིང་།