ཝེ་ནེ་ཙུའེ་ལས་སྤྱི་ཟླ་10པའི་ཚེས་15ཉིན་ས་གནས་ཀྱི་འདེམས་བསྐོ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་11ཉིན་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། སྤྱི་ཟླ་10པའི་ཚེས་15ཉིན་ས་གནས་ཀྱི་འདེམས་བསྐོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་བསྒྲགས་ནང་། འདེམས་བསྐོའི་ཐོག་རྒྱལ་སའི་སྲིད་འཛིན་ཁུལ་ཕུད་པའི་རྒྱལ་ཡོངས་དེའི་མངའ་སྡེ་23གྱི་འགོ་འཛིན་འདེམས་རྒྱུ་ཡིན། བསྡོམས་རྩིས་ལ་གཞིགས་ན། འདེམས་ཤོག་འཕེན་དབང་ཡོད་པའི་འདེམས་དམངས་ཀྱི་གྲངས་འབོར་བྱེ་བ་གཅིག་དང་ས་ཡ་བརྒྱད་དང་དགུ་ཁྲི་བཞི་སྟོང་ཟིན་ཡོད། མངའ་སྡེའི་འགོ་འཛིན་གྱི་འོས་མི་ཡོངས་ཀྱི་འགྲན་འདེམས་བྱེད་སྒོ་སྤྱི་ཟླ་9པའི་ཚེས་23ཉིན་ནས་འགོ་ཚུགས་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།