སྐབས་27པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན་གྱི་ཕྱི་དྲོ་སྐབས་72པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཉིའུ་གཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་ཡོད། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་མི་རྩ་བ་འཛིན་པ་སྟེ། རྒྱུན་མཐུད་གོང་འཕེལ་གྱི་ས་གོ་ལའི་ཐོག་མིའི་རིགས་ཧྲིལ་པོས་ཞི་བདེ་དང་དེ་བཞིན་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་རྒྱུར་འབད་བརྩོན་བྱེད་དགོས་ཞེས་པ་དེ་ཡིན།

སྐབས་72པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལའེ་ཆ་ཁེས་ཤིས་ཚིག་གསུངས་སྐབས། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཕྱོགས་ཁག་གསུམ་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཏེ། མི་ལྟེ་བར་བརྩི་རྒྱུ་དང་། ཕྱོགས་ཁག་གི་ཁེ་ཕན་དོ་སྙོམས་བྱ་རྒྱུ། དེ་བཞིན་ལས་ཀའི་ཁ་གསལ་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ཡིན་ཞེས་དང་། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་དེ་ཉིད་འཛམ་གླིང་སྔར་བས་མཛེས་སྡུག་ལྡན་པའི་གནས་ཤིག་ཆགས་པ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།