མོ་ཁེར་གྱིས་ཧང་ག་རིས་ཡུལ་གྱར་བ་ཁག་བགོས་ཇུས་གཞིའི་ཁྲུན་གཅོད་ལ་བརྩི་སྲུང་མ་ཞུས་པར་སྐྱོན་བརྗོད་བྱས་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཅོད་ལ་བརྩི་སྲུང་མ་ཞུས་པར་སྐྱོན་བརྗོད་བྱས་པ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་དུས་འཇར་མན་གྱི་ཙུང་ལི་མོར་ཁེར་གྱིས་ཧང་ག་རིའི་སྲིད་གཞུང་གིས་ཡོ་རོབ་ཁྲིམས་ཁང་གིས་ཡོ་རོབ་མནའ་འབྲེལ་གྱི་ཡུལ་གྱར་བ་ཁག་བགོས་ཀྱི་ཇུས་གཞིའི་འཁྲུན་གཅོད་ལ་བརྩི་སྲུང་མ་ཞུས་པར་སྐྱོན་བརྗོད་བྱས་ཏེ། ཧང་ག་རིའི་སྲིད་གཞུང་གི་རྣམ་འགྱུར་དེ་དང་ལེན་བྱེད་མི་ཐུབ་པའི་ངོས་འཛིན་བྱས་ཡོད།

སྤྱི་ཚེས་6ཉིན་ཡོ་རོབ་ཁྲིམས་ཁང་གིས། ཧང་ག་རི་དང་སི་ལོ་ཝ་ཁེ་སྲིད་གཞུང་གིས་ཁག་བགོས་དང་བཙན་ཐབས་གཞིར་བཟུང་ཡུལ་གྱར་བ་བགོ་ཤ་རྒྱག་པའི་ཞུ་གཏུག་ཕྱིར་སློག་བྱ་རྒྱུ་དང་། ཡོ་རོབ་མནའ་འབྲེལ་གྱིས་2015ལོའི་ཟླ་བ་9པར་གྲོས་འཆམ་བྱུང་བའི་ཡུལ་གྱར་བ་ཁག་བགོས་ཀྱི་ཇུས་གཞི་ཁྲིམས་མཐུན་ཡིན་པ་འཁྲུན་ཐག་བཅད་པས། ཧང་ག་རི་དང་སི་ལོ་ཝ་ཁེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་དེའི་ཐད་ངོ་རྒོལ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།