ཐེ་རོན་ཕུས་ཐེངས་དང་པོར་ཙུང་ཐུང་གི་ཐོབ་ཐང་ཐོག་ནས་9•11དོན་རྐྱེན་ཐོན་ནས་ལོ་16འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨ་རིའི་གསར་འགྱུར་ཚན་པས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་རྒྱལ་སྲུང་པུའི་གཞུང་ལས་ཐོག་ཁང་ཏུ་9•11དོན་རྐྱེན་ལ་དྲན་གསོ་ཞུ་བའི་མཛད་སྒོ་གཉེར་སྐབས། ལོ་16གོང་འཇིགས་སྐུལ་པས་དམར་གསོད་བཏང་བའི་མི་རྣམས་དྲན་སྐབས་ཨ་རི་སེམས་སྡུག་ཆེན་པོ་ཡོང་གི་འདུག་ཅེས་བསྟན་ཡོད།

ཨ་རིའི་ཙུང་ཐུང་དང་ཁོང་གི་སྐུ་ཟླ། རྒྱལ་སྲུང་པུའུ་ཀྲང་མ་ཏི་སི། ནང་བློན་ཁང་གི་ཁོངས་མི། དེ་བཞིན་རྒྱལ་སྲུང་པུའི་གཞུང་ལས་ཐོག་ཁང་གི་དམག་དོན་མི་སྣ་བཅས་ལྷན་དུ། ཨ་རིའི་རྒྱལ་སྲུང་པུའུ་ལ་འཇབ་རྒོལ་ཕོག་པའི་ལོ་འཁོར་གྱི་དྲན་གསོའི་བྱེད་སྒོར་ཞུགས་ཡོད། ཐེ་རོན་ཕུས་ཐལ་སྐྱོད་པར་ཐ་ཚིག་བཏང་ནས། ཨ་རི་དཔའ་ཞུམ་མི་སྲིད། ཨ་རི་དཔའ་ཞུམ་དུ་འཇུག་རྩིས་ཡོད་མཁན་རྣམས་ནི་ང་ཚོའི་དཔའ་ངར་ལ་ཚོད་བགམ་བྱེད་པའི་དགྲ་བོ་ལྟ་བུར་བརྩི་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།