སུས་ཙེར་གྱི་རིགས་གཅིག་མཁས་པས་ཀྲུང་གོའི་མ་དངུལ་གྱིས་སུས་ཙེར་གྱི་ཚན་རྩལ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་བསྐྱོར་རྒྱུར་རོགས་རམ་བྱས་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་དུས་སུས་ཙེར་ཏ་སུའུ་ལི་ཧྲི་ས་ཁུལ་གྱི་དཔལ་འབྱོར་སྐུལ་འདེད་ཧྲུའུ་ཡི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་འགན་འཁུར་བ་ཧུའུ་པོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོའི་མ་དངུལ་གྱིས་སུས་ཙེར་གྱི་གཞོན་ནུ་ཚན་ཞིབ་མི་སྣར་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱས་པ་མ་ཟད། སུས་ཙེར་གྱི་ཆེད་ལས་ལག་རྩལ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་བསྐྱོད་རྒྱུར་རོགས་རམ་བྱེད་བཞིན་ཡོད་ཅེས་བསྟན་པ་དང་།

ཧུའུ་པོ་ཡིས། ཀྲུང་གོའི་ཁེ་ལས་བར་འབྲེལ་བ་འཛུགས་པ་ཡིས་གསར་དུ་བཙུགས་མ་ཐག་པའི་ཁེ་ལས་དེ་དག་ཀྲུང་གོར་མཉམ་ལས་ཀྱི་རོགས་པ་འཚོལ་རྒྱུར་རོགས་རམ་ཐུབ་པ་དང་། འཛམ་གླིང་གི་ཁྲོམ་ར་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ཀྲུང་གོའི་ཁྲོམ་རར་སྔར་བས་བདེ་བླག་སྒོ་ནས་བསྐྱོད་ཐུབ་པའི་ངོས་འཛིན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།