པ་ཧ་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་པ་ཧ་མའི་ཕྱི་འབྲེལ་པུའུ་ཡིས་ཀྲུང་པའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུས་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

པ་ཧ་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་པ་ཧ་མའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཚེས་བཅུ་གཅིག་ཉིན་པ་ཧ་མའི་རྒྱལ་ས་ན་སོར་མཉམ་འབྲེལ་ཐོག་ཀྲུང་གོ་དང་པ་ཧ་མའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚོགས་པ་དང་། པ་ཧ་མའི་སྤྱི་ཁྱབ་ཕིང་ཏེ་ལིན་དང་། ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོག་ཐེ་ཨེན་ཁུད་སེ་སོགས་པ་ཧ་མའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་དང་། རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ། མཛའ་གྲོགས་མི་སྣ། ཀྲུང་གོའི་མ་འཇོག་ལས་ཁུངས། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སྤུན་ཟླ་སོགས་མི་ཉིས་བརྒྱ་ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།