ཀྲུང་གོ་དང་ཨད་ཙེ་ཨོ་པི་ཡའི་བར་གྱི་ན་ནིང་གི་ཕྱོགས་གཉིས་ཉོ་ཚོང་བསྡོམས་གྲངས་ཨ་སྒོར་དུང་ཕྱུར་ལྔ་བཅུ་ང་བཞི་ཟིན་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨད་ཙེ་ཨོ་པི་ཡའི་ཉི་ཚོང་པུའུ་ཡིས་གསར་དུ་སྤེལ་བའི་གྲངས་གཞི་ལྟར་ན། སྤྱི་ལོ༢༠༡༦ལོར་ཀྲུང་གོ་དང་ཨད་ཙེ་ཨོ་པི་ཡའི་བར་གྱི་ཉོ་ཚོང་གི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ལྔ་བཅུ་ང་བཞི་ཟིནཡོད་པ་རེད།

ཨད་ཙེ་ཨོ་པི་ཡའི་ཉོ་ཚོང་པུའུ་ཡི་སྤྱི་པའི་འབྲེལ་བ་དང་འབྲེལ་གཏུགས་གཞུང་ལས་ཁང་གི་འགན་འཁུར་བ་ཨེན་ཏི་མུ་ཡིས་སྤྱི་ཚེས་བཅུ་གཅིག་ཉིན་གསར་འགོད་པའི་བཅའ་འདྲི་དང་ལེན་གནང་སྐབས། རྒྱལ་ཁབ་གཉིས་པོའི་ཉོ་ཚོང་ཆུ་ཚད་མཐོ་རུ་ཕྱིན་པ་དེ་ནི་སྤྱི་ལོ༢༠༠༠ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་པ་དེའི་རྐྱེན་ལས་བྱུང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེས་ཀྲུང་གོ་དང་ཨད་ཙེ་ཨོ་པི་ཡའི་བར་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོའི་བར་མཉམ་དུ་སྐད་ཆ་ཤོད་རེས་དང་མཛའ་གྲོགས་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་ཅེས་གསུངས་འདུག

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།