ཨ་རི་སྲིད་གཞུང་གིས་ཀྲུང་གོར་ཉོ་ཚོང་བརྟག་ཞིབ་བྱེད་བཟོ་ཡོད་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཞིག་གིས་སྤྱི་ཚེས་བཅུ་གཉིས་ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཧྥུ་ཡིས་སྤྱི་ཚེས་བཅུ་བཞི་ཉིན་སྲིད་འཛིན་བརྗེད་ཐོར་མིང་རྟགས་བཀོད་པ་དང་། ཨ་རིའི་ཉོ་ཚོང་འཐུས་མིས་ཀྲུང་གོའི་ཉོ་ཚོང་བྱ་སྤྱོད་ཟེར་བར་བརྟག་ཞིབ་བྱེད་མིན་ཐག་གཅོད་དགོས་པའི་མཛུབ་སྟོན་བྱས་ཡོད་ཅེས་བཤད་འདུག

བྱེད་སྟངས་དེས་མི་རྣམས་ལ་ཨ་རིས་ཕྱོགས་རྐྱང་པའི་བྱ་སྤྱོད་སྤེལ་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བར་གནོད་འཚེ་བཟོ་དོགས་ཀྱི་སེམས་ཁྲལ་བཟོས་ཡོད་པ་རེད།

ཀྲུང་གོའི་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས་སྤྱི་ཟླ་བརྒྱད་པའི་ཚེས་གསུམ་ཉིན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ནི་ཀྲུང་གོ་དང་ཨ་རིའི་ཕྱོགས་གཉིས་འབྲེལ་བའི་བརྟན་ཆས་དང་སྐུལ་ཆས་དེ་ཡིན་ཞིང་། ཁྱེད་ཀྱི་ཁྲོད་ང་ཡོད་ལ། ངའི་ཁྲོད་ཁྱེད་ཀྱང་ཡོད། གཉིས་ཕན་མཉམ་རྒྱལ་དང་། མཐུན་ན་གཉིས་ཀར་ཕན་པ་དང་། འཐབ་ན་གཉིས་ཀ་ཕམ་སྲིད་ཅེས་གསུངས་འདུག

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།