དབྱི་རན་གྱི་དམག་དོན་མི་སྣ་གཅིག་དབྱི་སི་ལན་རྒྱལ་ཁབ་ཟེར་བས་བསད་པ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན་དབྱི་རན་དབྱི་སི་ལན་གསར་བརྗེའི་སྲུང་དམག་གི་ཧྲའོ་ཅང་དམག་དཔོན། གནས་གྲོང་ལུའི་ཤོག་གི་བཀོད་འདོམས་དཔོན་ཁ་ཞི་མུ་སུ་ལེའི་མ་ནིས། དབྱི་རན་གྱི་དམག་དོན་མི་སྣ་གཅིག་མི་རིང་བའི་གོང་སི་རི་ཡའི་ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བས་བསད་པས་དབྱི་རན་གྱིས་དེར་འཁོན་ལན་སློག་རྒྱུ་ཡིན་ཞེས་དང་། སུ་ལེའི་མ་ནིས། དྲག་ཆས་པ་དེ་ཚོགས་གཏུག་རྩུབ་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་པ་བསག་ཡོད། ནག་ཉེས་དེ་དབྱི་སི་ལན་ཆོས་ལུགས་དང་རྒྱབ་འགལ་བྱས་ཡོད་ལ། འཇིག་རྟེན་པའི་ཁྲིམས་ལུགས་ལས་འགལ་བས། རྩ་མེད་མཐར་ཕྱིན་པ་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།