ཨོ་སི་ཁྲུ་ལི་ཡའི་ཙུང་ལིས་ཨ་རི་དང་བྱང་ཁོ་རེ་ཡའི་བར་གདོང་གཏུག་ཐོན་ཚེ་ཨོ་སི་ཁྲུ་ལི་ཡས་ཨ་རིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན་ཨོ་སི་ཁྲུ་ལི་ཡའི་ཙུང་ཐུང་ཐེ་ཨེན་པུར་གྱིས་ཨ་རི་དང་བྱང་ཁོ་རེ་ཡའི་བར་གདོང་གཏུག་ཐོན་ཚེ། ཨོ་སི་ཁྲུ་ལི་ཡས་ཨ་རིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཐེ་ཨེན་པུར་གྱིས་ཉིན་དེ་ཁར་སྨྱན་སྦྱོར་ལས་རིགས་ཀྱི་བཅར་འདྲི་དང་ལེན་གནང་སྐབས། སྤྱི་ཚེས་༡༠ཉིན་ཁོང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཏེ་ལི་སེན་དང་ཁ་པར་བརྒྱུད་འབྲེལ་གཏུག་བྱ་སྐབས་བྱང་ཁོ་རེ་ཡའི་གནད་དོན་ཐད་གྲོས་བསྡུར་བྱས་པ་ཡིན། ཨོ་སི་ཁྲུ་ལི་ཡ་ནི་ཨ་རིའི་མནའ་གྲོགས་ཉེ་པོ་ཡིན། གལ་ཏེ་བྱང་ཁོ་རེ་ཡས་དྲག་ཤུགས་སྤྱོད་རྒྱུའི་ཐག་བཅད་ཚེ་ཨོ་སི་ཁྲུ་ལི་ཡས་དེ་ལས་གཡོལ་མི་སྲིད་པར། ཐེ་ཚོམ་སྤུ་ཙམ་མེད་པར་ཨ་རིར་རྒྱབ་སྐྱོར་བྱ་རྒྱུ་ཡིན། བྱ་སྤྱོད་གང་འདྲ་ཞིག་སྤེལ་མིན་དེ་སྐབས་དེའི་གནས་ཚུལ་དང་མནའ་གྲོགས་དང་གྲོས་མོལ་བྱས་པའི་མཇུག་འབྲས་ལ་རག་ལས་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།