ཨ་སི་ཐ་ནའི་འཛམ་གླིང་དངོས་མང་འགྲེམས་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་དུ་ཅང་ཤི་ཡི་བྱེད་སྒོའི་ཉིན་མོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་སྒོ་དབྱེའི་ཅང་ཤི། སྔོ་ལྗང་ཅན་གྱི་དར་གོས་ལམ་བུ་ཞེས་པས་བརྗོད་བྱ་གཙོ་བོ་བྱས་པའི་ཅང་ཤི་བྱེད་སྒོ་དེ་ཨ་སི་ཐ་ནའི་འཛམ་གླིང་དངོས་མང་འགྲེམས་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་དུ་གཉེར་ཡོད། རྣ་བར་སྙན་པའི་ཅིང་ཏེ་གྲོང་བརྡལ་གྱི་དཀར་ཡོལ་གྱི་རོལ་ཆ་དང་། ཇ་ཡི་སྒྱུ་རྩལ། ཤོག་དྲས་དཔེ་གསར། སྔོན་ཐོན་གྱི་LEDཤེལ་ཏོག་ལག་རྩལ་འགྲེམས་སྟོན་དང་། ཅང་ཤི་ཡི་མཛེས་ལྗོངས་ཁྱད་དུ་འཕགས་པ་ཞེས་པའི་དྲིལ་བསྒྲགས་བརྙན་མཐོང་རེ་རེ་བཞིན་གཟིགས་མོ་བའི་སྤྱན་ལམ་དུ་སྒྲོན་ཡོད། ཨ་སི་ཐ་ནའི་འཛམ་གླིང་དངོས་མང་འགྲེམས་ཚོགས་རིང་ཀྲུང་གོའི་འགྲེམས་ཁང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་༡༦གི་བྱེད་སྒོའི་གཟའ་འཁོར་དང་ཁེ་ལས་ལྔའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། ད་དུང་བསྟུད་མར་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་བདུན་གྱི་བྱེད་སྒོའི་གཟའ་འཁོར་དང་ཁེ་ལས་གསུམ་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། དེ་ནི་རང་རྒྱལ་གྱིས་ཕྱི་རྒྱལ་དུ་འཛམ་གླིང་དངོས་མང་འགྲེམས་ཚོགས་ལ་ཞུགས་པའི་ལོ་རྒྱུས་ཐོག་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་བཞུགས་མང་ཤོས་ཞིག་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།