སིང་ཀ་ཕོའི་མཐོ་རིམ་དཔོན་རིགས་ཀྱིས་ཀྲུང་གོའི་གོང་འཕེལ་གྲུབ་འབྲས་ལ་མི་རྣམས་ཧ་ལས་དགོས་པ་ཞིག་ཡོད་པ་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ཀུན་གྱིས་མཐོང་གསལ་ལྟར་ཡིན་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་སིང་ཀ་ཕོའི་ཙུང་ལིའི་གཞུང་ལས་ཁང་དང་། ཕྱི་འབྲེལ་པུའུ་དང་མི་ཤུགས་ཐོན་ཁུངས་པུའི་སྲིད་དོན་པུའུ་ཀྲང་་གཅིག་ལྕོགས་ཁྲེན་ཀྲེན་ཆོན་གྱིས། ཉེ་བའི་ལོ་ཤས་ནང་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོའི་གལ་ཆེའི་རང་བཞིན་དང་ཤུགས་རྐྱེན་ནི་ཀུན་གྱིས་མཐོང་གསལ་ལྟར་ཡིན། འབྱུང་འགྱུར་ཀྲུང་གོའི་རྒྱལ་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཀྲུང་གོས་ད་དུང་འཛམ་གླིང་གར་སྟེགས་ཐོག་གལ་ཆེའི་ནུས་པ་སྔར་ལས་ལྷག་པ་ཐོན་རྒྱུ་ཡིན་ཞེས་གསུངས་ཡོད། གྲེན་ཀྲེན་ཆོན་གྱིས། ཉེ་བའི་ལོ་ཤས་ནང་ཀྲུང་གོའི་གོང་འཕེལ་གྲུབ་འབྲས་ཀྱིས་མི་དུང་ཕྱུར་༦ཙམ་དབུལ་སྒྲོལ་ཐུབ་པས། དེ་ནི་མི་རྣམས་ཧ་ལས་དགོས་པའི་དོན་ཞིག་ཡིན་ཞེས་དང་། ཁོང་གིས་ཀྲུང་གོའི་དབུ་ཁྲིད་མི་སྣར་བློ་རིག་ལྡན་ཞིང་། ཁེངས་སྐྱུང་ངང་གཞན་ལ་སློབ་སྦྱོང་གནང་བ། རྒྱལ་ཁབ་གཞན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་བཅས་གནང་བས། ཀྲུང་གོ་དེ་ཉིད་རྒྱུན་མཐུད་དུ་གཏོང་འཕེལ་བྱུང་ཏེ། མཆོངས་བརྒལ་རང་བཞིན་གྱི་གོང་འཕེལ་མངོན་འགྱུར་བྱུང་ཡོད་ཅེས་བསྔགས་བརྗོད་གནང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།