ཨེ་ཅིབ་དམག་ཕྱོགས་ཀྱིས་ཨ་རིའི་དམག་དཔུང་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་གླེང་བ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་སྤྱི་ཚེས་༡༦ཉིན། ཨེ་ཅིབ་དྲག་ཆས་དམག་དཔུང་གི་དྲག་ཇུས་དམག་དཔོན་ཧེ་ཅཱ་ཆིས་ཨ་རི་དང་དམག་དོན་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ནང་མཉམ་ལས་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་ལ་འཕྲད་པའི་ཉེན་ཁར་ཁག་ཐེག་བཅོག་དགོས་ཞེས་ནན་བཏོན་གནང་ཡོད་ཅེས་གསུངས་འདུག

ཧེ་ཅཱ་ཆིས་ཉིན་ཤས་གོང་ཁེ་རོ་ལ་འཚམས་འདྲིར་སླེབས་པའི་ཨ་རིའི་དམག་ཕྱོགས་ཀྱི་མཐོ་རིམ་དམག་དཔོན་ཅཱ་ལི་ཐི་དང་མཇལ་འཕྲད་གནང་བ་རེད། ཕྱོགས་གཉིས་པོས་གྲོས་མོལ་གནང་སྐབས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་པོའི་དམག་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་འབྲེལ་ཡོད་ནང་དོན་ཐད་གྲོས་མོལ་གནང་བ་དེའི་ནང་། མཉམ་འབྲེལ་དམག་སྦྱོང་གཉེར་རྒྱུ་དང་། ཆེད་ལས་ཁྱབ་ཁོངས་ཀྱི་ཤེས་བྱ་སྤེལ་རེས། དམག་དཔུང་གི་དམག་འཐབ་ནུས་པ་དང་དེ་བཞིན་ལག་རྩལ་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཚུད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།