པ་ཀི་སི་ཐན་དམག་ཕྱོགས་ཀྱིས་ནུབ་བྱང་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་ལ་ཤུགས་སྣོན་རྒྱག་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༦ཉིན། པ་ཀི་སི་ཐན་དམག་ཕྱོགས་ནས། པ་ཀི་སི་ཐན་དམག་ཕྱོགས་ཀྱིས་ཉིན་དེ་གར་རྒྱལ་ཁབ་དེ་གའི་ནུབ་བྱང་རྒྱུད་ཨབ་ཀ་ནི་སི་ཐན་མཐའ་མཚམས་ལ་ཉེ་བའི་ཁའེ་པོའར་རུས་རྒྱུད་ཚོ་པའི་ས་ཁུལ་དུ་རེས་སྐོར་གསར་པའི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་ནས། ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་སྟོབས་ཤུགས་པ་ཀི་སི་ཐན་རྒྱལ་ཁོངས་སུ་སིམ་ཚུལ་སྔོན་འགོག་བྱེད་ཆེད་ཡིན་ཞེས་བསྟན་ཡོད།

པ་ཀི་སི་ཐན་དམག་གསུམ་པའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་ཨ་ཤི་ཧྥུ། ཅ་ཧྥུའར་གྱིས་ཉིན་དེ་གར། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག པ་ཀི་སི་ཐན་སྐམ་དམག་དང་མཁའ་དམག་གིས་མཉམ་འབྲེལ་ཐོག་་ཉིན་དེ་རང་དུ་ཁའེ་པོའར་རུས་རྒྱུད་ཚོ་པའི་ས་ཁུལ་ཉེ་འགྲམ་གྱི་པ་ཀི་སི་ཐན་དང་ཨབ་ཀ་ནི་སི་ཐན་གྱི་མཐའ་མཚམས་རི་ཁུལ་དུ་མིང་ཚབ་ལ་ ཁའེ་པོའར་༤ ཞེས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་ཡོད་པ་རེད། དེའི་དམིགས་ཡུལ་ནི་པ་ཀི་སི་ཐན་དང་ཨབ་ཀ་ནི་སི་ཐན་གྱི་མཐའ་མཚམས་ཨབ་ཀ་ནི་སི་ཐན་ཕྱོགས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་སྟོབས་ཤུགས་བཀག་འགོག་དང་། དེ་དང་པ་ཀི་སི་ཐན་རྒྱལ་ཁོངས་ནང་གི་དྲག་ཆས་པ་དང་འབྲེལ་ཏག་གཅད་རྒྱུ། ཆབས་ཅིག་ཏུ་དེ་པ་ཀི་སི་ཐན་དུ་འཛུལ་རྒྱུ་བཀག་འགོག་བྱེད་རྒྱུའི་ཆེད་དུ་ཡིན་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན།