དབྱི་རན་དང་ཡོ་རོབ་མནའ་འབྲེལ་གྱིས་རྡུལ་ཉིང་བདེ་འཇགས་མཉམ་ལས་རྣམ་གྲངས་སྤེལ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༥ཉིན། དབྱི་རན་སྨྱན་འབྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་འཆར་དབྱི་རན་དང་ཡོ་རོབ་མཉམ་འབྲེལ་གྱིས་རྡུལ་ཉིང་བདེ་འཇགས་མཉམ་ལས་རྣམ་གྲངས་གཅིག་མཉམ་འབྲེལ་ཐོག་སྤེལ་འགོ་ཚུགས་ཡོད།

རྣམ་གྲངས་དི་ནི་དབྱི་རན་དང་ཡོ་རོབ་མནའ་འབྲེལ་གྱིས་སྤྱི་ལོ་༢༠༡༦ལོར་མིག་རྟགས་བཀོད་ནས་གྲོས་འཆམ་བྱུང་བའི་བསྡོམས་འབོར་ཨ་སྒོར་ས་ཡ་༥དང་༧འབུམ་བཏངབའི་མཉམ་ལས་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་དབྱི་རན་ཕྱོགས་ཁག་ཐད་ཀྱི་རྡུལ་ཉིང་བདེ་འཇགས་ནུས་པར་ཤུགས་སྣོན་རྒྱག་རྒྱུ་དང་། རྡུལ་ཉིང་བདེ་འཇགས་ལྟེ་གནས་ཞིག་འཛུགས་རྒྱུ་དེ་ཡིན་པ་རེད།

གྲོས་མཐུན་བྱུང་བའི་འབྲེལ་ཡོད་ཀྱི་ནང་དོན་གཞིར་བཟུང་། ཡོ་རོབ་མནའ་འབྲེལ་གྱིས་ དབྱི་རན་གྱི་རྡུལ་ཉིང་བདེ་འཇགས་ལྟ་སྐུལ་དོ་དམ་ཚན་པར་རྒྱབ་སྐྱོར་བྱས་ནས་རྡུལ་ཉིང་ལག་རྩལ་གྱི་ཚད་ལྡན་སྒྲོམ་གཞི་འཛུགས་རྒྱུ་ཡིན་པ་མ་ཟད་དབྱི་རན་གིས་རྡུལ་ཉིང་ལག་རྩལ་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཚོགས་འདུ་རབ་དང་རིམ་པར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན།