འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་ཨོ་མོན་ས་ཚིགས་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་ཨ་རིའི་རུ་ཁག་ལས་རྣམ་པར་བརྒྱལ་ཏེ་ཨང་གཉིས་པ་ཐོབ་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།། སྤྱི་ཚེས་༡༦ཉིན་ནི་འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་བྱ་དགའ་ཆེན་མོའི་འགྲན་བསྡུར་གྱི་ཨོ་མོན་ས་ཚིགས་འགྲན་བསྡུར་གྱི་ཉིན་མཇུག་ཤོས་དེ་ཡིན་ཞིང་། ཀྲུང་གོའི་རུ་ཁག་དང་ཨ་རིའི་རུ་ཁག་བར་འགྲན་བསྡུར་བྱས་པ་དང་། མཐར་ཀྲུང་གོའི་རུ་ཁག་གསུམ་བསྡུར་གཉིས་ཀྱི་ཐོག་ནས་ཨ་རིའི་རུ་ཁག་ལས་རྣམ་པར་བརྒྱལ་བ་དང་། གཉིས་ཐོབ་གཅིག་ཤོར་གྱི་ཐོག་ནས་ཐེངས་འདིའི་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་ཡོད་པ་རེད།

སྤྱི་ཚེས་༡༦ཉིན་གྱི་འགྲན་བསྡུར་གཞན་ཞིག་གི་ནང་། དབྱི་ཏ་ལིའི་རུ་ཁག་གསུམ་བསྡུར་ཀླད་ཀོར་ཐོག་ནས་ཐུར་ཁེའི་རུ་ཁག་ལས་རྣམ་པར་བརྒྱལ་ཡོད། རེས་འཁོར་གསུམ་གྱི་འགྲན་བསྡུར་ཚར་རྗེས་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་ཨོ་མོན་ས་ཚིགས་ཀྱི་འགྲན་བསྡུར་ཁྱོན་ཡོངས་ནས་མཇུག་འགྲིལ་ཡོད། དབྱི་ཏ་ལིའི་རུ་ཁག་ལ་བསྟུད་མར་ཐེངས་གསུམ་ཐོབ་པས་ད་ཐེངས་ཀྱི་ཨང་དང་པོ་རག་པ་དང་། ཀྲུང་གོའི་རུ་ཁག་གཉིས་ཐོབ་གཅིག་ཤོར་ཡིན་པ། ཨ་རིའི་རུ་ཁག་གཅིག་ཐོབ་གཉིས་ཤོར་ཡིན་པ། ཐུར་ཁེའི་རུ་ཁག་འགྲན་ཐེངས་གསུམ་ཀ་ཤོར་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།