ཐུར་ཁེའི་ཙུང་ཐུང་གིས་ཛ་དྲག་གནས་སུ་སྡོད་པའི་དུས་ཚོད་རིང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཐུར་ཁེའི་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་16ཉིན་གྱི་ཐོ་རེངས་སུ་རྒྱལ་ས་ཨན་ག་ལའི་གྲོས་ཚོགས་ཁང་གི་ཐོག་བརྩེགས་ཁང་ཆེན་མདུན་གྱི་ཐང་ཆེན་ཐོག་ལམ་ལྷོངས་མ་བྱུང་བའི་དམག་དོན་སྲིད་གྱུར་བྱས་ནས་ལོ་གཅིག་འཁོར་བའི་དྲན་གསོའི་འདུ་ཚོགས་འཚོགས་པ་དང་། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་འདུ་ཚོགས་ནང་བཞུགས་པ་མ་ཟད་རྒྱལ་ཡོངས་ཛ་དྲག་གི་གནས་སུ་སྡོད་པའི་དུས་ཚོད་རིང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད།

ཨེར་ཏོ་ཨན་གྱིས་འདུ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། ཐུར་ཁེའི་མི་དམངས་ནས་བདག་དབང་གཅིག་གྱུར་དང་དམངས་གཙོར་རྒྱབ་སྐྱོར་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་བསྐྱར་བཤད་བྱས་པ་དང་། ཁོང་གིས། དགྲ་བོས་རྒྱལ་ཁབ་འདི་ཁ་ཕྲལ་དུ་གཏོང་མི་ཐུབ་ལ། དམག་དོན་སྲིད་གྱུར་གྱི་སྣང་ཚུལ་སླར་ཡང་ཐོན་དུ་འཇུག་མི་སྲིད་ཅེས་བསྟན་པ་དང་།

ཨེར་ཏོ་ཨན་གྱིས་ད་དུང་། ཐུར་ཁེའི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་སྟེ། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་17ཉིན་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། ད་ཡོད་ཀྱི་རྒྱལ་ཁབ་ཛ་དྲག་གི་གནས་སུ་སྡོད་པའི་དུས་ཚོད་ཟླ་བ་གསུམ་བར་རིང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་མ་ཟད་གྲོས་གཞི་དེ་ནང་བློན་ཁང་དུ་འབུལ་བ་དང་། དེ་རྗེས་གྲོས་གཞི་དེ་གྲོས་ཚོགས་ཁང་གིས་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།

ཡིག་སྒྱུར། མཚམས་གཅོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།