ཕ་ལི་སེ་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་པ་སིས་ཀྲུང་གོར་འཚམས་འདྲི་གནང་ནས་ཕྱོགས་གཉིས་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་16ཉིན་ཕ་ལི་སེ་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མ་ལི་ཅིས་ཅོར་ཅན་ཆུ་བའི་ནུབ་འགྲམ་གྱི་གྲོང་ཁྱེར་ལ་མུའུ་ཨན་ལར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཕ་ལི་སེ་ཐན་གྱི་ཙུང་ཐུང་ཨ་པ་སིས་ཀྲུང་གོར་འཚམས་འདྲི་གནང་ནས། ཕྱོགས་པོའི་ཁྱབ་ཁོངས་ཁག་གི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་རེད་ཅེས་བསྟན་པ་དང་།

ཁོང་གིས། ཕ་ལི་སེ་ཐན་དང་ཀྲུང་གོའི་འབྲེལ་བ་གཞན་དང་མི་འདྲ་བ་དང་། ཉེ་ལམ་ལོ་ཤས་ནང་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་བྱུང་ཡོད། ད་ཐེངས་ཨ་པ་སིས་ཀྲུང་གོར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི། ཕ་ལི་སེ་ཐན་དང་ཀྲུང་གོའི་ཡུན་རིང་མཛའ་ཤེས་ཟབ་ཏུ་གཏོང་རྒྱུ་མ་ཟད་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་ནང་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རེད་ཅེས་བསྟན་ཡོད་པ་རེད།

ཡིག་སྒྱུར། མཚམས་གཅོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།