ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨེ་ཅིབ་ཏུ་ཡོད་པའི་ཀྲུང་གོའི་ཡུལ་སྐོར་བས་བདེ་འཇགས་ལ་ཡིད་གཟབ་བྱ་དགོས་པའི་དྲན་སྐུལ་བྱས་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཨེ་ཅིབ་རྒྱལ་ནང་དུ་རྩུབ་སྤྱོད་དོན་རྐྱེན་ཐེངས་མང་ཐོན་པར་དམིགས་ཏེ། ཨེ་ཅིབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྤྱི་ཚེས་16ཉིན་ཨེ་ཅིབ་ཏུ་ཡོད་པའི་ཀྲུང་གོའི་ཡུལ་སྐོར་བས་བདེ་འཇགས་ལ་ཡིད་གཟབ་བྱ་དགོས་པའི་དྲན་སྐུལ་བྱས་པ་དང་། བདེ་འཇགས་དྲན་སྐུལ་གྱི་གོ་ཆོད་དུས་ཡུན་ནི་སྤྱི་ཟླ་10པའི་ཚེས་15ཉིན་བར་ཡིན་པ་རེད།

བདེ་འཇགས་དྲན་སྐུལ་ནང་། ཀྲུང་གོའི་ཡུལ་སྐོར་བས་བདེ་འཇགས་ལ་དོགས་ཟོན་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་རང་ངོས་སྲུང་སྐྱོབ་འདུ་ཤེས་མཐོ་རུ་གཏོང་བ་ལས། རོགས་པ་མཉམ་དུ་འགྲོ་བའམ་ཁྱེར་རྐྱང་ངང་ཨེ་ཅིབ་ལ་ཡུལ་སྐོར་དུ་མི་ཡོང་རྒྱུ་དང་། ཚད་ལྡན་གྱི་ཡུལ་སྐོར་ཁང་བརྒྱུད་ཡུལ་སྐོར་ཚོགས་པའི་ནང་ཞུགས་མཁན་ཡུལ་སྐོར་བས་ཚོགས་པ་དང་ཁ་མི་བྲལ་བ་དང་ཁྱེར་རྐྱང་གི་བྱ་སྤྱོད་མི་སྤེལ་རྒྱུ། ཚད་ལྡན་མ་ཡིན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་མི་བསྐྱོད་རྒྱུ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

ཨེ་ཅིབ་ཏུ་སྡོད་རིང་། གལ་ཏེ་ཀྲུང་གོའི་ཡུལ་སྐོར་བར་ཛ་དྲག་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་ཉེན་བརྡ་སྐྱེལ་དགོས་པ་མ་ཟད་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་འབྲེལ་གཏུག་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡིག་སྒྱུར། མཚམས་གཅོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།