ཀྲུང་གོའི་མཚོ་དམག་དམག་གྲུ་རུ་ཁག་གིས་དབྱི་རན་ལ་འཚམས་འདྲི་ཞུས་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་མཚོ་དམག་དམག་གྲུ་རུ་ཁག་གིས་དབྱི་རན་ལ་འཚམས་འདྲི་ཞུ་མཇུག་ལེགས་པར་འགྲིལ་ནས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ཐོག་ཨ་པ་སི་གྲུ་ཁ་ནས་ཁ་བྲལ་བ་དང་ཨ་མན་ལ་མཛའ་གྲོགས་འཚམས་འདྲི་ཞུ་བར་སྐྱོད་ཡོད་པ་རེད།

འཚམས་འདྲི་ཞུ་རིང་དམག་གྲུ་རུ་ཁག་གི་བཀོད་འདོམས་པ་ཧྲེན་ཧའོ་ཡིས་སྔ་རྗེས་སུ་དབྱི་རག་དམག་དཔུང་གི་མཚོ་དམག་མཚོ་སྲུང་ཁུལ་དང་པོའི་དམག་སྤྱི། དམག་དཔོན་ཨ་ཀྲ་ཏེ་དང་ཧོར་མུ་སི་ཀན་མངའ་སྡེའི་འགོ་འཛིན་ཇ་ཏེ་ལི། ཧོར་མུ་ཚེ་ཀན་མངའ་སྡེར་བཅའ་སྡོད་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་གྱི་ཆོས་ལུགས་སྐུ་ཚབ་ཨ་པ་ཏི་བཅས་དང་ཐུགས་འཕྲད་གནང་ཡོད་པ་མ་ཟད་དབྱི་རན་དམག་དཔུང་གི་མཚོ་དམག་གྲུ་གཟིངས་བཟོ་གྲར་ལྟ་སྐོར་བྱས་ཡོད་པ་དང་ཨ་ཀྲ་ཏེ་སོགས་དབྱི་རན་དམག་དཔུང་གི་མཚོ་དམག་འགོ་ཁྲིད་དང་དཔོན་དམག་གི་འཐུས་མི་སོགས་ཀྱིས་ཁྲང་ཁྲུན་དམག་གྲུ་དང་ཅིང་ཀྲའུ་དམག་གྲུའི་ཐོག་འཛེགས་ནས་ལྟ་སྐོར་བྱས་པ་དང་དུས་མཚུངས་སུ་ཀྲུང་གོ་དང་དབྱི་རན་རྒྱལ་ཁབ་གཉིས་པོའི་མཚོ་དམག་དཔོན་དམག་གིས་ད་དུང་ཆེད་ལས་སྤེལ་རེས་དང་རྐང་རྩེད་སྤོ་ལོའི་མཛའ་མཐུན་འགྲན་བསྡུར་སོགས་བྱེད་སྒོ་སྤེལ་བ་དང་ཁྲང་ཁྲུན་དམག་གྲུ་དང་ཅིང་ཀྲའུ་དམག་གྲུས་དམག་གྲུ་སྒྲིག་འཛུགས་ཀྱིས་སྒོ་དབྱེ་ནས་མི་བརྒྱ་ལྷག་ཙམ་ལྟ་སྐོར་བྱེད་བཅུག་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར།སྐྱིད་པོ།