ཀྲུང་གོ་དང་ཀག་ན་ཡི་འབྲེལ་བའི་འཕེལ་རྒྱས་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་སྟེ། ཀག་ན་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་པའོ་ཧུང་ལ་བཅར་འདྲི་ཞུས་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཀག་ནར་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་པའོ་ཧུང་གིས་ཀག་ན་ཡི་རྒྱལ་ས་ཨ་ཁེ་ལར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོ་དང་ཀག་ན་ཡི་འབྲེལ་བར་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་ཀྲུང་གོ་དང་ཀག་ན་ཡི་འབྲེལ་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་བསྟན་པ་དང་།

སུན་པའོ་ཧུང་གིས། ཀྲུང་གོ་དང་ཀག་ན་ལ་སྲོལ་རྒྱུན་གྱི་མཛའ་ཤེས་ཟབ་མོ་ལྡན་ཡོད། ཉེ་ལམ་ལོ་ཤས་ནང་། ཀྲུང་གོ་དང་ཀག་ན་ཡི་འབྲེལ་བ་བརྟན་པོ་དང་བདེ་བླག་ངང་འཕེལ་རྒྱས་བྱུང་བ་དང་། ཕྱོགས་གཉིས་པོའི་མཐོ་རིམ་བར་འགྲོ་འོང་བྱེད་ཚད་ཟབ་ཏུ་ཕྱིན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཉིན་བཞིན་གཏིང་ཟབ་ཏུ་བཅས་ཕྱིན་ཡོད་པས། ཕྱོགས་གཉིས་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་སྲོག་ཤིང་དང་གལ་ཆེའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད། ཀག་ན་ཡིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོས་ཀྱང་སྔ་ཕྱི་བར་གསུམ་དུ་ཀག་ན་ཡིས་མི་རིགས་རང་བཙན་དང་རྒྱལ་ཁབ་འཛུགས་སྐྲུན། དཔལ་འབྱོར་བརྗེ་འགྱུར། ས་ཁུལ་གཞི་གཅིག་ཅན་བཅས་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བསྟན་པ་དང་།

སུན་པའོ་ཧུང་གིས། ཀྲུང་གོ་དང་ཀག་ན་ཡིས་འབྲེལ་ཡོད་མཉམ་ལས་ལ་སྐུལ་འདེད་གཏོང་བ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཡིན་པའི་ངོས་འཛིན་བྱས་པ་དང་། སུན་པའོ་ཧུང་གིས། ཀག་ན་ཡི་ཆབ་སྲིད་བརྟན་ལྷིང་དང་ཁྲོམ་ར་སྒོ་དབྱེ། ཐོན་ཁུངས་ཕུན་སུམ་ཚོགས་པ། ངལ་རྩོལ་ནུས་ཤུགས་འདང་ངེས་བཅས་ཡོད་པས། ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་འཕེལ་རྒྱས་དང་སྒོ་དབྱེའི་དཔེ་མཚོན་ལྟ་བུ་ཡིན་ཞེས་བསྟན་པ་དང་། ཁོང་གིས། ཀག་ན་སྲིད་གཞུང་གསར་པས་སྲིད་འཛིན་བྱས་ཚུན། འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་གཞིགས་པ་དང་། ལྕགས་ལམ་དང་གཞུང་ལམ་སོགས་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན་པ། བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་སོགས་གལ་ཆེའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་འགའ་ཞིག་ལ་སྐུལ་འདེད་བཏང་ཡོད་པས། ཀྲུང་གོ་དང་ཀག་ན་ཕྱོགས་གཉིས་པོས་འབྲེལ་ཡོད་མཉམ་ལས་བྱ་རྒྱུར་གོ་སྐབས་ཆེན་པོ་སྐྲུན་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།