ཅར་ཀེ་ཏར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ལས་འཛིན་ཁང་གིས་ཀྲུང་གོའི་སྤྱི་དམངས་རྒྱ་གར་གྱི་ཏ་ཅི་ལིང་ས་ཁུལ་དུ་བསྐྱོད་རྒྱུར་ཡིད་གཟབ་བྱ་དགོས་པའི་དྲན་སྐུལ་བྱས་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་17ཉིན་ཅར་ཀེ་ཏར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ལས་འཛིན་ཁང་གིས་དྲ་ཚིགས་ཐོག་སྤྱི་བསྒྲགས་སྤེལ་ནས། ཉེ་དུས་ཀྲུང་གོའི་སྤྱི་དམངས་རྒྱ་གར་ནུབ་མའི་མེང་ཅ་ལ་མངའ་སྡེའི་ཏ་ཅི་ལིང་ས་ཁུལ་དུ་བསྐྱོད་རྒྱུར་ཡིད་གཟབ་བྱ་དགོས། གལ་ཏེ་ཛ་དྲག་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་ཉེན་བརྡ་སྐྱེལ་དགོས་པ་མ་ཟད། ཅར་ཀེ་ཏར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ལས་འཛིན་ཁང་དང་འབྲེལ་བ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།

རྒྱ་གར་གྱི་གསར་འགྱུར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཏ་ཅི་ལིང་ས་ཁུལ་དུ་སྲིད་གཞུང་གིས་གཞུང་བཙུགས་སློབ་གྲྭའི་ནང་བང་ག་ལའི་སྐད་ཡིག་ཁྱབ་གདལ་བཏང་བར་མང་ཚོགས་ཁག་གཅིག་མི་དགའ་བ་བྱུང་བར་བརྟེན། ཁྲོམ་སྐོར་རྔམ་སྟོན་བྱས་པ་མ་ཟད་ཟིང་འཁྲུག་བསླངས་ཡོད་པས། སྲིད་གཞུང་གིས་དམག་དཔུང་ས་ཡུལ་དངོས་སུ་དུས་བབ་ཚོད་འཛིན་བྱེད་པར་གཞོགས་འདེགས་བྱ་རྒྱུར་མངགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།