ཐེ་རོན་ཕུས་ཨ་རིས་ཁུ་པར་ལག་བསྟར་བྱས་པའི་སྲིད་ཇུས་དམ་དུ་བཏང་བ་ཡིས་ཨ་རི་དང་ལ་ཏིང་ཨ་མེ་རི་ཁའི་འབྲེལ་བ་ལ་ཤུགས་རྐྱེན་ངན་པ་བཟོས་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་16ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། ཨའོ་པ་མ་སྲིད་གཞུང་དང་ཁུ་པའི་ཕྱོགས་བར་བྱུང་བའི་དྲང་བཞག་གཏན་ནས་མེད་པའི་གྲོས་མཐུན་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པ་དང་། ཉོ་ཚོང་དང་ཡུལ་སྐོར་སོགས་ཐད་ཁུ་པར་ལག་བསྟར་བྱས་པའི་སྲིད་ཇུས་དམ་དུ་གཏོང་དགོས་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཁུ་པའི་སྲིད་གཞུང་གིས། ཨ་རིའི་བྱེད་སྟངས་དེའི་ཐོག་ནས་ཁུ་པ་དང་ཨ་རིའི་འབྲེལ་བ་སྡུག་ཏུ་ཕྱིན་པ་མཚོན་ཡོད་ཅེས་བསྟན་ཡོད་པ་རེད།

རིགས་གཅིག་མཁས་པས། མ་གཞི་ཐེ་རོན་ཕུའི་སྲིད་གཞུང་གི་ལ་ཏིང་ཨ་མེ་རི་ཁའི་སྲིད་ཇུས་ཁ་གསལ་མེད་ཀྱང་། ཁུ་པར་ལག་བསྟར་བྱས་པའི་སྲིད་ཇུས་དམ་དུ་བཏང་བ་དང་དེ་བཞིན་ལ་ཏིང་ཨ་མེ་རི་ཁར་རོགས་སྐྱོར་བྱ་ཤུགས་ཉུང་དུ་ཤུགས་ཆེན་བཏང་བ་སོགས་ནས་མཐོང་ཐུབ་པར། ཨ་རི་དང་ལ་ཏེང་ཨ་མེ་རི་ཁའི་འབྲེལ་བར་ལེགས་སྒྲིག་གསར་པ་འཕྲད་པ་དང་། ཨའོ་པ་མ་སྲིད་གཞུང་གིས་ཨ་རི་དང་ཁུ་པའི་འབྲེལ་བ་ལེགས་བཅོས་བྱ་ཐབས་འཚོལ་ཞིབ་བྱེད་པ། ཨ་རི་དང་ལ་ཏིང་ཨ་མེ་རི་ཁའི་འདྲ་མཉམ་རོགས་པའི་འབྲེལ་བ་སླར་གསོ་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་རྩིས་མེད་དུ་འགྲོ་ཉེན་ཡོད་པའི་དབྱེ་ཞིབ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།