གུའུ་ཐེ་ལི་སིས་ཕོར་ཐིའུ་ཀལ་ལ་ཚབས་ཆེའི་མི་སྐྱོན་བྱུང་བར་ཧངས་པའི་རྣམ་པ་བསྟན་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུང་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུའུ་ཐེ་ལི་སིས་གསལ་བསྒྲགས་སྤེལ་ནས། ཕུར་ཐིའུ་ཀལ་གྱི་ཏ་ཕེ་ཏེ་ལོ་ཀང་ས་ཁུལ་དུ་ཚབས་ཆེའི་མེ་སྐྱོན་བྱུང་བར་ཧང་སངས་པ་མ་ཟད་ཕོར་ཐིའུ་ཀལ་སྲིད་གཞུང་དང་མི་དམངས་ལ་ཐུགས་གསོའི་འཚམས་འདྲི་ཞུས་ཡོད་པ་དང་།

གུའུ་ཐེ་ལི་སེས། རང་ཉིད་ནས་རྐྱེན་ལམ་དུ་ཤོར་མཁན་ཁྱིམ་མིར་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་རྨས་མ་གང་མགྱོགས་དྲག་སྐྱེས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ཐོག་ཏུ་དགོས་ངེས་ཀྱི་རོགས་རམ་གང་རུང་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བསྟན་པ་དང་། གུའུ་ཐེ་ལི་སིས་དུས་མཚུངས་སུ། ཕོར་ཐིའུ་ཀལ་སྲིད་གཞུང་དང་མེ་ཟོན་མི་སྣ། སྤྱི་ཚོགས་སྒྲིག་འཛུགས་བཅས་ཀྱིས་མེ་སྐྱོན་ཐད་འཕྲལ་བསྟུན་ལན་ཆ་བྱས་པ་དང་དགོས་མཁོ་ཡོད་པའི་མི་སྣར་རོགས་རམ་བྱས་པར་བསྔགས་བརྗོད་བྱས་ཡོད་པ་རེད།

ཕོར་ཐིའུ་ཀལ་གྱི་དབུས་རྒྱུད་ས་ཁུལ་དུ་སྤྱི་ཚེས་17ཉིན་གྱི་ཕྱི་དྲོ་ནགས་ཚལ་ལ་མེ་སྐྱོན་བྱུང་བ་དང་། ཕོར་ཐིའུ་ཀལ་ནང་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་སླེབས་དུས་མེ་སྐྱོན་ཁྲོད་མི་62རྐྱེན་ལམ་དུ་ཤོར་བ་དང་གཞན་མི་54རྨས་སྐྱོན་བཟོས་ཡོད་ཅེས་བསྟན་ཡོད། སྤྱི་ཚེས་18ཉིན་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁེ་སི་ཐས། དེ་ནི་ཉེ་ལམ་ལོ་ཤས་ནང་ཕོར་ཐིའུ་ཀལ་དུ་ཐོན་པའི་ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེ་ཤོས་དེ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།