ཨེ་ཅིབ་ཀྱི་ཁེ་རོའི་ཉེས་དོན་ཁྲིམས་ཁང་གིས་ཐལ་སྐྱོད་པ་སུམ་ཅུ་སོ་གཅིག་སྲོག་ཐོག་གཏོང་རྒྱུའི་ཁྲུན་ཐག་བཅད་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་སྤྱི་ཚེས་༡༧ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་རོའི་ཉེས་དོན་ཁྲིམས་ཁང་གིས་ཉིན་དེར་སྤྱི་ལོ་༢༠༡༥ལོའི་ཨེ་ཅིབ་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་ཟུར་པ་ལྐོག་གསོད་གཏོང་བའི་ནང་ཐེ་ཞུགས་བྱེད་མཁན་ཐལ་སྐྱོད་པ་༣༡སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད། གནས་ཚུལ་འགོད་སྤེལ་བྱས་པའི་ནང་། དོགས་ཡོད་པ་༣༡གི་ཉེས་མིང་ནང་མི་ལྐོག་གསོད་ཀྱི་ཇུས་བཤམས་པ་དང་ཁྲིམས་འགལ་ངང་མཚོན་ཆ་དང་འབར་གས་དངོས་པོ་འཁྱེར་བ། འཇིགས་སྐུལ་སྒྲིག་འཛུགས་དང་མཉམ་ལས་བྱས་པ་བཅས་ཚུད་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར།མིག་དམར་རྒྱ་མཚོ།