ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་སྤྱི་ཟླ་5 བའི་ཟླ་མགོར་ཨ་རིར་འཚམས་འདྲིར་གནང་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་ཕོ་བྲང་དཀར་པོས་སྤྱི་ཚེས་19 ཉིན་སྤེལ་པའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་སྤྱི་ཟླ་5ཚེས་3ཉིན་ཨ་རིར་འཚམས་འདྲི་གནང་རྒྱུ་ཡིན་པ་དང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཨ་པ་སི་ཕྱོགས་གཉིས་ཀྱིས་པ་ལི་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་མཇུག་སྒྲིལ་བའི་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་མ་ཟད། མཐའ་མཇུག་འབྲས་བུ་ཐོན་པའི་ཁས་ལེན་དེ་བསྐྱར་བཤད་གནང་རྒྱུ་རེད། ཟླ་གོང་མའི་ཚེས་10ཉིན། ཐེ་རོན་ཕུའུ་ཡིས་ཨ་པ་སི་དང་ཁ་པར་རྒྱག་སྐབས། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་ཁྱོན་ཡོངས་ཀྱི་ཞི་བདེ་གྲོས་མཐུན་འཇོག་པའི་གོ་སྐབས་ཤར་ཡོད་པ་དང་། དེ་མངོན་འགྱུར་ཡོང་ཐུབ་བཟོ་ཡོད་ཅེས་ནན་སྟོན་གནང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བདེ་ལྷ་མོ།