དབྱིན་ཇིའི་གྲོས་ཚོགས་ཁང་གིས་འདེམས་བསྐོ་ཆེན་མོ་སྔ་ནུར་བྱེད་རྒྱུའི་ཆོག་མཆན་སྤྲད་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་དགུ་ཉིན་དབྱིན་ཇིའི་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པས་འཕེན་ཤོག་འཕངས་ནས། མཐའ་མཇུག་འཕེན་ཤོག་མང་ཆེ་བའི་གྲངས་འབོར་ཐོག་ནས་འདེམས་བསྐོ་ཆེན་པོ་སྔ་ནུར་ བྱེད་རྒྱུའི་གྲོས་མཐུན་བྱུང་བ་དང་། དབྱིན་ཇིས་སྤྱི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་འདེམས་བསྐོ་ཆེན་པོ་འགོ་འཛུགས་རྒྱུ་གཏན་འཁེལ་བྱུང་འདུག

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲའ་མེས་ཉིན་དེ་རང་དུ་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པས་འཕེན་ཤོག་མ་འཕེན་གོང་དུ་རྩོད་གླེང་གནང་སྐབས། འདེམས་བསྐོ་ཆེན་པོ་སྔ་ནུར་བྱས་ན་དབྱིན་ཇི་བདེ་རླག་ངང་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་བྱེད་རྒྱུར་ཕན་ཐོག་ཡོད་པ་མ་ཟད། དབྱིན་ཇི་ཡུན་རིང་གི་བརྟན་ལྷིང་ཡོང་ངེས་ཡིན་ཞེས་གསུངས་འདུག

སྤྱི་ཚེས་བཅོ་བརྒྱད་ཉིན་ཐེ་ལེ་ཧྲའ་མེས་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་ཁྱབ་བསྒྲགས་ཞིག་གནང་བ་སྟེ། འདེམས་བསྐོ་ཆེན་པོ་སྔ་ནུར་བྱས་ནས། སྲིད་གཞུང་གསར་བརྗེ་བྱས་པ་བརྒྱུད་དེ་བས་ལེགས་པའི་སྒོ་ནས་དབྱིན་ཇིའི་ཚབ་ཞུས་ཏེ་ཡོ་རོབ་མནའ་འབྲེལ་བར་དབྱིན་ཇི་ཕྱིར་འཐེན་སྐོར་གྱི་དབྱེ་འབྱེད་གྲོས་མོལ་བྱེད་ཐུབ་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་བཟང་པོ།