ཨུ་རུ་སུས་ཕྱོགས་ཁག་གིས་བྱང་ཁོ་རེ་ཡའི་གནད་དོན་ཐད་བཟོད་སྒོམ་བྱེད་དགོས་པའི་རེ་འབོད་བྱས་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་དགུ་ཉིན་ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕེ་སེ་ཁེ་ཕུས། མིག་སྔར་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནས་བབ་དེ་སྔོན་དཔག་བྱེད་ཐབས་བྲལ་བའི་ཕྱོགས་སུ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་དོན་དེར་སེམས་ཁྲལ་ཆེན་པོ་འདུག་པས་ཕྱོགས་ཁག་གིས་བཟོད་སྒོམ་བྱེད་དགོས་པའི་རེ་འབོད་བྱེད་ཀྱི་ཡིན་ཞེས་གསུངས་འདུག

ཕེ་སེ་ཁེ་ཕུས་མིག་སྔར་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནས་བབ་ཐད་ཚད་གཞི་ངེས་ཏན་ཞིག་གི་ཐོག་ནས་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་པ་བྱས་ནས། ཕྱོགས་ཁག་གིས་བཟོད་སྒོམ་རྒྱུན་འཁྱོངས་དང་། གཟབ་ནན་བྱེད་དགོས་པའི་སྐུལ་མ་གཏོང་དགོས། ཨུ་རུ་སུས་གྲུབ་འབྲས་མངོན་གསལ་དོད་པའི་རྒྱལ་སྤྱིའི་སྒྲོམ་གཞིའི་འོག་ཆབ་སྲིད་དང་ཕྱི་འབྲེལ་འབད་བརྩོན་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་དང་། ཁོང་གིས་དུས་མཚུངས་སུ་ཨུ་རུ་སུས་སྔ་བར་ཕྱི་གསུམ་དུ་བཀག་སྡོམ་ཐབས་ལམ་སྤྱོད་རྒྱུར་མོས་མཐུན་བྱེད་ཀྱི་མེད། ཨུ་རུ་སུ་ཕྱོགས་ཀྱིས་བཀག་སྡོམ་བྱེད་པ་དེ་ནི་མདུན་ལམ་གང་ཡང་མེད་པའི་བྱེད་སྟངས་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་བཟང་པོ།