གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱིས་ཐེངས་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་ཐུན་མོང་གཏམ་བཤད་སྤེལ་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཇེ་ཡིས་གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱི་སྐུ་ཚབ་ཞུས་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་རྒྱུན་མཐུད་གོང་འཕེལ་དམིགས་འབེན་མ་དངུལ་གྲབས་གསོག་གནད་དོན་སྐོར་གྱི་མཐོ་རིམ་གྲོས་བསྡུར་ཚོགས་འདུའི་ཐོག་ཐུན་མོང་གཏམ་བཤད་སྤེལ་ཡོད་པ་རེད།

དེ་ནི་སྤྱི་ལོ་༢༠༠༦ལོར་གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱི་མཉམ་ལས་སྒྲིག་གཞི་འགོ་བཙུགས་ཚུན། གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱིས་ཐེངས་དང་པོར་གལ་ཆེའི་རྒྱལ་སྤྱིའི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་རྭའི་ཐོག་ཐུན་མོང་གཏམ་བཤད་སྤེལ་བ་ཞིག་རེད་འདུག ལིའུ་ཇེ་ཡིས་གོང་འཕེལ་མ་དངུལ་གྲབ་གསོག་བྱེད་རྒྱུ་དེ་ནི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་བྱེད་པའི་འགག་རྩ་ཞིག་ཡིན། གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱིས་ཐེངས་འདིའི་གྲོས་ཚོགས་ཐོག་གོང་འཕེལ་མ་དངུལ་གྲབ་གསོག་ཐད་ཕྱོགས་ཁག་བར་གཅིག་མཐུན་ཡོང་རྒྱུར་རོགས་རམ་བྱེད་ཐུབ་རྒྱུ་དང་། ཆབ་སྲིད་རེ་འདོད་ཤུགས་ཆེར་གཏོང་ཐུབ་པ། རྒྱལ་སྤྱིའི་ཐོན་ཁུངས་བཀོལ་སྤྱོད་བྱས་ནས། གོང་འཕེལ་མ་དངུལ་གྲབ་གསོག་གི་རྒྱལ་སྤྱིའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་ཐུབ་རྒྱུར་ཤུགས་ཆེའི་སྒུལ་ཤུགས་སྣོན་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་བཟང་པོ།