དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བས་ཀྲུང་དབྱིན་འབྲེལ་བ་དེ་ཉིད་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་འབྲེལ་བའི་དཔེ་མཚོན་དུ་འགྱུར་བ་བྱ་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་18ཉིན་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལེའུ་ཞའོ་མིང་གིས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོས་གོ་སྐབས་དམ་འཛིན་དང་མཉམ་ལས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་དེ་ཉིད་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་ལྟ་བུར་འགྱུར་རྒྱུར་འབད་བརྩོན་བྱ་དགོས་པའི་རེ་འབོད་གནང་བ་དང་།

ལེའུ་ཞའོ་མིང་གིས། ལོ་45རིང་། ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་བློ་གྲོས་འདོན་སྤེལ་དང་བདེ་བླག་སྒོ་ནས་ཤང་གང་གི་གནད་དོན་ཐག་གཅོད་བྱས་པས། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་ལོ་རྒྱུས་ཀྱི་ཁུར་པོ་ཕབ་ནས། མདུན་ཕྱོགས་སུ་བསྐྱོད་ཡོད་ཅེས་བསྟན་པ་དང་།

ཁོང་གིས། ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་པོས་ཀྲུང་དབྱིན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོར་ཕན་པ་སྐྲུན་རྒྱུའི་དྲང་སེམས་རྒྱུན་འཁྱོངས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱོན་ཡོངས་རོགས་པའི་འབྲེལ་བ་ནས་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་པའི་བར་དང་། དེ་ནས་དུས་རབས་21ལ་ཁ་ཕྱོགས་པའི་འཛམ་གླིང་ཧྲིལ་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཀྲུང་དབྱིན་འབྲེལ་བའི་དུས་རབས་བཟང་པོ་འགོ་ཚུགས་བཞིན་ཡོད་ཅེས་བསྟན་པ་དང་།
ཁོང་གིས། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་གོ་སྐབས་ཁོང་དུ་ཡང་དག་ཆུད་པ་དང་མཐོ་རིམ་བར་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འཕྲོད་བསྟེན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན། ནུས་ཁུངས་གསར་པ་སོགས་གསར་དར་གྱི་ཁྱབ་ཁོངས་མཉམ་ལས་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་དམིགས་བསལ་དུ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་ཐད་གོ་བསྡུར་བྱེད་དགོས་པའི་རེ་འབོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།