སི་རི་ཡའི་རྒྱལ་སའི་ནུབ་བྱང་ཉེ་འདབས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པ་མཇུག་ཤོས་ཕྱིར་འཐེན་བྱས་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་ནུབ་བྱང་ཉེ་འདབས་སུ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་མི་སྣ་ཁག་མཇུག་ཤོས་དེ་ཚོ་སྤྱི་ཚེས་༡༩ཉིན་ཕྱིར་འཐེན་བྱས་ཟིན་པ་དང་དེའི་ཐོག་ནས་སི་རི་ཡ་སྲིད་གཞུང་གིས་ཏ་མ་སི་ཁུའི་ནུབ་ངོས་ཉེ་འདབས་ས་ཁུལ་ཁྱོན་ཡོངས་ནས་ཚོད་འཛིན་བྱས་པ་མཚོན་གྱི་ཡོད་པ་རེད།

སི་རི་ཡའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་མི་སྣ་ཕྱིར་འཐེན་མ་བྱས་གོང་གྲོང་རྡལ་ནང་མེ་བརྒྱབ་པ་དང་སྦྲགས་འབར་མདེལ་མཛོད་ཁང་ལ་མེ་བརྒྱབ་ཡོད་པ་རེད།

སི་རི་ཡའི་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་བར་དེའི་གོང་དུ་གྲོས་མཐུན་བཞག་པར་གཞིགས་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་མི་སྣ་དང་ཁོང་ཚོའི་ནང་མི་༢༣༠༠ལྷག་ཙམ་སྤྱི་ཚེས་༡༤ཉིན་ཏ་མ་སི་ཁུའི་ནུབ་བྱང་ཉེ་འདབས་ནས་ཕྱིར་འཐེན་བྱེད་འགོ་ཚུགས་ཡོད་པ་དང་དུས་མཚུངས་སུ་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ཀྱིས་མཐའ་སྐོར་བའི་དབྱི་ཏེ་ལི་ཕུ་མངའ་སྡེའི་ཧྲེ་ཡས་ཤོག་ཁག་གི་གྲོང་རྡལ་ཆུང་གྲས་ཁ་ཧྥུ་ལ་ཡ་དང་ཧྥུ་ཨའི་ཡུལ་མི་ཡང་ཁག་དབྱེ་ནས་ཕྱིར་འཐེན་བྱས་ཡོད་པ་རེད།

མིག་སྔར་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་གཙོ་བོ་ཏ་མ་སི་ཁུའི་ཤར་ངོས་ཉེ་འདབས་སུ་གཅིག་བསྡུས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།