ཕྱི་འབྲེལ་པུས་ཀྲུང་གོའི་ཕྱོགས་ནས་བྱང་ཁོ་རེ་ཡའི་རྡུལ་ཉིང་མེ་ཤུགས་འཕུར་མདེལ་གསར་སྤེལ་བྱེད་པའི་འཕེལ་ཕྱོགས་ལ་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༩ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུ་ཁང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཀྲུང་གོའི་ཕྱོགས་ནས་ཉེ་དུས་བྱང་ཁོ་རེ་ཡའི་རྡུལ་ཉིང་མེ་ཤུགས་འཕུར་མདེལ་གསར་སྤེལ་བྱེད་པའི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁ་གཏད་ཛ་དྲག་ཏུ་གཏོང་བའི་གཏམ་སྤྱོད་ཐ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་།

ལུ་ཁང་གིས། ཀྲུང་གོའི་ཕྱོགས་ནས་ཉེ་དུས་བྱང་ཁོ་རེ་ཡའི་རྡུལ་ཉིང་མེ་ཤུགས་འཕུར་མདེལ་གསར་སྤེལ་བྱེད་པའི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་ལ་འགྱུར་རྒྱུ་མངོན་འགྱུར་དང་། ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་། སྐད་ཆ་ཤོད་རེས་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་འགྱུར་བ་མེད་ཅེས་བསྟན་པ་དང་། ཁོང་གིས། མིག་སྔར་ཕྱེད་གླིང་ཕྲན་གྱི་དུས་བབ་རྙོག་འཛིང་ཆེ་ལ་ཚོར་སྣང་སྐྱེན་པ་དང་། ཀྲུང་གོའི་ཕྱོགས་ནས་ཁ་གཏད་ཛ་དྲག་ཏུ་གཏོང་བའི་གཏམ་སྤྱོད་ཐ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། འབྲེལ་ཡོད་ཕྱོགས་ཁག་ནས་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།