ཀྲུང་དབྱང་ཡིག་ཚགས་ཁང་གིས་རྒྱང་སྐྱོད་ཀྱི་ཆེད་དོན་ཡིག་ཚགས་5000ལྷག་གཅིག་སྡུད་ཐོག་ཕྱིར་བསྟན་པ།
2026-10-20 10:02:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་རྗེས་དྲན་ཞུ་བ་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཟླ་10ཚེས་19ཉིན་ནས་བཟུང་ཀྲུང་དབྱང་ཡིག་ཚགས་ཁང་གིས་རྒྱང་སྐྱོད་ཀྱི་ཆེད་དོན་ཡིག་ཚགས་ཁག་གཅིག་གཅིག་སྡུད་ཐོག་ཕྱིར་སྟོན་བཞིན་ཡོད། ཁྱོན་བསྡོམས་ཡིག་ཚགས་5000ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་1934ལོའི་ཟླ་10པ་ནས་1936ལོའི་ཟླ་10པའི་བར་ཀྲུང་གོ་གུང་ཁྲན་ཏང་གིས་ཁྱབ་བསྒྲགས་བྱས་པའི་རྩ་འཛིན་དང་བསྒྲགས་གཏམ། དམར་དམག་གི་དམག་འཐབ་བཀོད་སྒྲིག་དང་། འཐབ་ཇུས་འཐབ་རྩལ་སྐོར་གྱི་གློག་འཕྲིན་དང་སྙན་ཞུ། དེ་བཞིན་ཏང་གིས་གསར་འཛུགས་དང་འགྲེམས་སྤེལ་བྱས་པའི་གསར་བརྗེའི་ཚགས་པར་དང་དུས་དེབ་སོགས་ཡིན་པ་དང་། དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་མི་དང་དེས་འགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་གི་གསར་བརྗེའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པ་དང་། རྒྱང་སྐྱོད་སྐབས་ཀྱི་དམར་དམག་དང་མང་ཚོགས་རྡོག་རྩ་གཅིག་སྒྲིལ་དང་། རང་སྲོག་བློས་གཏོང་བར་མི་སྐྲག་པ། ཞུམ་མེད་མདུན་སྐྱོད་བྱས་པའི་གསར་བརྗེའི་ལོ་རྒྱུས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད། སྤྱི་དམངས་ཀྱིས་ཐོབ་ཐང་ལག་ཁྱེར་དང་ལས་ཀའི་ལག་ཁྱེར་སོགས་གོ་ཆོད་པའི་ལག་ཁྱེར་འཁྱེར་ནས་ཀྲུང་དབྱང་ཡིག་ཚགས་ཁང་དུ་འབྲེལ་ཡོད་ཡིག་ཚགས་དང་དཔྱད་ཡིག་ལྟ་ཀློག་དང་བེད་སྤྱོད་བྱ་ཆོག་གི་ཡོད།
















