ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་140པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་དང་པོའི་འགྲེམས་སྟོན་མཇུག་སྒྲིལ་པ་དང་། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཚོང་འདུས་ལ་ཞུགས་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

2026-10-20 10:00:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་140པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་དང་པོའི་འགྲེམས་སྟོན་མཇུག་སྒྲིལ་ཡོད། ཟླ་10ཚེས་19ཉིན་བར་རྒྱལ་ཁབ་དང་ས་ཁུལ་214ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་18.9ཚོང་འདུས་ལ་ཞུགས་པ་དེ་སྐབས་གོང་མའི་དུས་མཚུངས་ལས་13.3%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 
སྐབས་140པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་དང་པོའི་འགྲེམས་སྟོན་དེ“སྔོན་ཐོན་བཟོ་སྐྲུན”གྱི་བརྗོད་དོན་གཙོ་བོར་དམིགས་ཡོད་པ་དང་། གོ་ལ་ཧྲིལ་པོར་ཕྱོགས་པའི་གསར་གཏོད་ཐོན་རྫས་ཐོག་མར་སྤེལ་བའི་སྟེགས་བུ་དང་། འཕེལ་ཕྱོགས་ཀྱི་ཕྱོགས་སྟོན། མཁོ་སྤྲོད་དང་དགོས་མཁོ་སྦྲེལ་མཐུད་བྱེད་པའི་ཚོད་ལྟ་བྱ་ཡུལ་བཅས་སུ་གྱུར་ཡོད། 
སྲོལ་རྒྱུན་ལས་རིགས་ཁྱབ་ཁོངས་ཀྱི་འཁོར་ལོ་གཉིས་ཅན་འཁོར་རིགས་འགྲེམས་སྟོན་ཁང་དུ་སྦག་སྦག་ཁེ་ལས་ཤིག་གིས་གཅིག་འཐུས་རྣམ་པའི་ནུས་རྒྱུའི་ཞབས་ཞུ་བཏོན་ཡོད་པ་སྟེ།  འོད་ཤུགས་ནུས་གསོག་དང་། གློག་བརྗེ་བ། གློག་གསོག་པ་བཅས་གཞི་གཅིག་ཏུ་འདུས་ཤིང་། ཕྱི་རྒྱལ་གྱི་སྤྱོད་མཁན་ལ་གློག་སྒུལ་སྦག་སྦག་གཉེར་སྐྱོང་བྱེད་སྟངས་ཆ་ཚང་ཞིག་མཁོ་འདོན་བྱས་ཡོད། ཕེ་རུའི་ཉོ་སྒྲུབ་ཚོང་པ་ཤིའར་ཏེ་པུའུ་ལན་ཏུའོ་སའེ་ཀེ་ཝུའེ་ཡས་མ་ལག་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ཀྲུང་གོར་ནུས་རྒྱུ་གསར་པའི་ལག་རྩལ་མ་ལག་དང་མཁོ་སྤྲོད་སྦྲེལ་ཐག་གི་ཁོར་ཡུག་ཆ་ཚང་ཞིག་ཆགས་ཡོད། ང་ཚོའི་རྒྱལ་ཁབ་ཏུ་རྒྱུན་གཏན་གྱི་ཕྱིར་སྐྱོད་དང་དངོས་ཟོག་སྡེབ་སྐྱེལ་ཐད་གློག་སྒུལ་སྦག་སྦག་འབོར་ཆེན་སྤྱོད་ཀྱི་ཡོད་པ་དང་། དགོས་མཁོ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད། དེ་ནི་ང་ཚོ་ཀོང་ཀྲོའུ་ཚོང་འདུས་ཐོག་མཉམ་ལས་བྱེད་པར་ཡོང་བའི་རྒྱུ་མཚན་གལ་ཆེན་ཞིག་ཡིན་ཞེས་བཤད་ཡོད། 
ཁྱིམ་སྤྱོད་གློག་ཆས་འགྲེམས་ཁུལ་དུ་ཁེ་ལས་ཀྱིས་མི་ཐབས་རིག་ནུས་དང་དྲ་སྦྲེལ་ལག་རྩལ་གཉིས་ཚོམས་ཆེན་དང་ཐབ་ཚང་ཁྲུས་ཁང་སོགས་ཁྱིམ་ཧྲིལ་པོར་བེད་སྤྱད་ཡོད། རིག་ལྡན་ཁྱིམ་ཆས་ཆ་ཚང་དེ་ཐོན་རྫས་རྐྱང་པའི་འགྲན་རྩོད་ནས་མ་ལག་ཅན་གྱི་ཕྱིར་གཏོང་ཕྱོགས་སུ་བསྒྱུར་ནས་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་འབོར་ཆེན་ཞིག་གི་ཡིད་དབང་བཀུག་ཡོད། འགྲེམས་ཞུགས་ཚོང་པ་ཧྥེང་ཧའོ་ཡིས་ང་ཚོས་AIཁྱིམ་ལས་འཕྲུལ་མི་གསར་རྐྱང་བཏོན་ཡོད་པ་དང་། དེ་གོས་འཁྲུད་འཕྲུལ་འཁོར་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་མི་འདྲ་བ་དང་མཉམ་དུ་སྦྲེལ་ཡོད།  AIཡི་ནུས་པ་ལྡན་པའི་ཐོན་རྫས་རྐྱང་པ་དང་མ་ལག་ལྡན་པའི་སྒོ་ནས་མཉམ་སྦྲེལ་བྱས་པའི་ཐོན་རྫས་ལ་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད་ཅེས་བརྗོད་ཡོད། 
ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་དང་པོའི་འགྲེམས་སྟོན་ཐོག་ཁྱོན་ཐོན་རྫས་གསར་པ་ཐོག་མར་འགྲེམས་སྤེལ་བྱེད་པའི་བྱེད་སྒོ་335སྤེལ་བའི་ནང་ཞབས་ཞུའི་འཕྲུལ་མི་དང་། རིག་ནུས་བཟོ་སྐྲུན། ནུས་རྒྱུ་གསར་པ་སོགས་གསར་དར་འབྱུང་འགྱུར་ཐོན་ལས་ཀྱི་ཐོན་རྫས་གསར་པ་ཐོག་མར་འགྲེམས་སྤེལ་བྱས་པའི་གྲངས་འབོར་20%ཙམ་འཕར་ཡོད། 
སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཐོག་གསར་དུ་བཙུགས་པའི་ཐོན་རྫས་གསར་པ་ཐོག་མར་འགྲེམས་སྟོན་བྱེད་ཁུལ་དུ་“དངོས་རྫས་དང་གྲངས་འཛིན་”མཉམ་འདྲེས་བྱས་པ་བརྒྱུད་ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་ཕྱི་རྒྱལ་གྱི་ཚོང་པས“གཅིག་འཐུས་རྣམ་པའི”ཐོག་ནས་ལས་རིགས་ཀྱི་འཕེལ་ཕྱོགས་གསར་པ་ཁོང་དུ་ཆུད་པར་སྟབས་བདེ་བསྐྲུན་ཡོད་པ་དང་།  ཐོག་མར་འགྲེམས་སྟོན་བྱས་པ་ནས་བྲིན་ཁ་རྒྱུག་པ་དེ་འཕེལ་ཕྱོགས་གསར་པར་གྱུར་ཡོད་ཅེས་བརྗོད་ཡོད།  ཀྲུང་གོ་ཕྱི་ཕྱོགས་ཉོ་ཚོང་་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཡུང་གིས་སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་“གསར་པ་དང་སྦག་མེད། རིག་ནུས་”བཅས་ཀྱི་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད་པ་དང་། ཐོན་རྫས་གསར་པ་ཁྲི་113དང་། སྦགས་མེད་ཐོན་རྫས་ཁྲི་120 མི་ཐབས་རིག་ནུས་ཐོན་རྫས་ཁྲི་24བཅས་འགྲེམས་སྟོན་བྱས་ཡོད་པ་དེ་དག་ཡོངས་ཀྱིས་ཟིན་ཐོ་གསར་པ་བཏོད་ཡོད། ཐོན་སྐྱེད་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་ལག་རྩལ་སྔོན་ཐོན་ཡིན་པ་དང་། ཀྲུང་གོའི་གསར་པ་དང་སྦགས་མེད། རིག་ནུས་བཅས་ཀྱི་ཐོན་རྫས་གོ་ལ་ཧྲིལ་པོར་ཐད་ཀར་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད། 

中央广播电视总台 央广网 版权所有

སྐབས་140པའི་ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་དང་པོའི་འགྲེམས་སྟོན་མཇུག་སྒྲིལ་པ་དང་། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཚོང་འདུས་ལ་ཞུགས་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

ཟླ་10ཚེས་19ཉིན་བར་རྒྱལ་ཁབ་དང་ས་ཁུལ་214ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་18.9ཚོང་འདུས་ལ་ཞུགས་པ་དེ་སྐབས་གོང་མའི་དུས་མཚུངས་ལས་13.3%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།