ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་4.6འཕར་ཏེ། སྤུས་མཐོའི་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོན་པ།

2026-10-20 09:59:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ་10ཚེས་19ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། སྒུལ་ནུས་གསར་པའི་ཕྱོགས་དང་། གྲུབ་གཞི་ལེགས་པའི་ཕྱོགས་སུ། སྤུས་ཚད་དང་ནུས་ཕྱོད་ཡག་ཕྱོགས་སུ་འགྲོ་བའི་གོང་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད། 
ཐོག་མའི་བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1071071ཟིན་གྱི་ཡོད་པ་དང་། རིན་གོང་ལ་འགྱུར་བ་ཕྱིན་མེད་པ་གཞིར་བཟུང་ནས་རྩིས་བརྒྱབ་ན། དུས་མཚུངས་ལས་བརྒྱ་ཆ་4.6འཕར་ཡོད་ཅིང་། དེ་ལོ་ཧྲིལ་པོའི་དཔལ་འབྱོར་གྱི་སྔོན་དཔག་འཕར་སྣོན་དམིགས་འབེན་དང་མཐུན་གྱི་ཡོད་པ་རེད། འཕར་ཚད་ཐད་ནས་བལྟས་ཚེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཕར་ཚད་དེ་སྒོར་དུང་ཕྱུར་ཁྲི་5.7ཟིན་གྱི་ཡོད་པ་དང་། དེ་འདས་ཟིན་པའི་ལོ་ལྔའི་ནང་དུས་མཚུངས་ལས་འཕར་ཚད་གཞི་ཁྱོན་ཆེ་ཤོས་དེ་ཡིན་པ་རེད། 
དུས་ཚིགས་དང་པོ་ནས་གསུམ་པའི་བར། ཞིང་ལས་ཐོན་སྐྱེད་ཀྱི་གནས་བབ་ལེགས་པོ་ཡོད་པ་དང་། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཐད་སླར་ཡང་ལོ་ལེགས་ཡོང་བའི་རེ་བ་ཡོད། དུས་ཚིགས་གསུམ་པར། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་བརྒྱ་ཆ་5.1འཕར་ཡོད་པ་དང་། དེ་དུས་ཚིགས་གཉིས་པ་དང་བསྡུར་ན་བརྒྱ་ཆའི་གནས་0.4ཡི་མགྱོགས་པ་ཡོད། དེ་དང་ཆབས་ཅིག་ཏུ། ཞབས་ཞུའི་ལས་རིགས་དང་། འཛད་སྤྱོད། ཕྱིར་གཏོང་ནང་འདྲེན་གྱི་གྲངས་གཞི་སོགས་ཀྱི་སྟོན་གྲངས་དེ་ཟླ་བ་དགུ་པར་ཟླ་བ་བརྒྱད་པ་ལས་ལེགས་པ་ཡོད་ཅིང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་འགྲོ་གཞི་རྒྱུན་མཐུད་མངོན་བཞིན་ཡོད། 
དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་གཞི་ལེགས་སུ་ཕྱིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དེས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་གོང་ཁྲོད་བཟུང་པའི་བསྡུར་ཚད་དེ་བརྒྱ་ཆ་25.7ཟིན་གྱི་ཡོད་པ་དང་། དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གནས་0.6འཕར་ནས། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་མྱུར་པོ་བྱུང་བ་དང་། སྔོན་ཐོན་ཐོན་སྐྱེད་ལས་རིགས་དང་རྒྱུན་ཆད་མེད་པར་མཉམ་འདྲེས་གཏིང་ཟབ་ཐུབ་ནས། བཟོ་སྐྲུན་ལས་རིགས་ཀྱི་བརྗེ་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཤེས་བྱའི་ཐོན་དབང་གྱི་ཐོན་རྫས་ལ་མ་དངུལ་འཇོག་ཚད་མགྱོགས་པོ་མང་དུ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། མ་འཇོག་ཁྲོད་བཟུང་བའི་བསྡུར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གནས་2.4ཡི་མཐོ་རུ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ནང་མཁོས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཐུབ་ནས། དཔལ་འབྱོར་འཕར་སྣོན་འགྲོ་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་བདུན་ཅུ་ལས་བརྒལ་ཡོད་པ་དང་། དེའི་ཁྲོད་མཐའ་མཇུག་འཛད་སྤྱོད་གཏོང་སྤྲོད་ཀྱིས་ལེགས་སྐྱེས་འབུལ་ཚད་དེ་བརྒྱ་ལྔ་བཅུ་ཙམ་ཟིན་ཡོད་པས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་འགྲོ་བའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད། 
དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོའི་དཔལ་འབྱོར་གྱི་སྒུལ་ནུས་གསར་པའི་ཕྱོགས་སུ་གོང་འཕེལ་ཕྱིན་ཡོད། འགག་རྩའི་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་འབོར་ཆེན་ཐོན་པ་དང་བཀོལ་སྤྱོད་བྱས་པས། ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མའི་འཕར་ཚད་ཁག་སོ་སོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་4.9དང་བརྒྱ་ཆའི་གནས་9.0ལས་མགྱོགས་པ་ཡོད། ཐོག་མའི་ཚོད་རྩིས་བྱས་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྩེར་སོན་བཟོ་སྐྲུན་དང་། གྲངས་འཛིན་དང་རིག་ནུས་དཔལ་འབྱོར། དེང་རབས་ཞབས་ཞུ་སོགས་ཀྱིས་ཚབ་བྱས་པའི་སྒུལ་ནུས་གསར་པས། དཔལ་འབྱོར་འཕར་སྣོན་འགྲོ་བར་ལེགས་སྐྱེས་འབུལ་ཚད་མུ་མཐུད་བརྒྱ་ཆ་40ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། དཔལ་འབྱོར་འཕར་སྣོན་འགྲོ་བའི་མཐུད་རྒྱུག་དེ་སྔར་བས་སྒུལ་ནུས་གསར་པའི་ཕྱོགས་སུ་བརྒྱུད་སྤྲོད་བྱས་ཡོད། དེ་དང་ཆབས་ཅིག་ཏུ། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་ཡང་སྐུལ་འདེད་ནུས་ལྡན་ཐེབས་ཡོད། 

中央广播电视总台 央广网 版权所有

དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་4.6འཕར་ཏེ། སྤུས་མཐོའི་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ་10ཚེས་19ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར།