ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧྥ་རན་སེའི་ཕ་རི་སི་སོགས་གྲོང་ཁྱེར་དང་གྲོང་རྡལ་མང་པོར་མཚན་འགྲུལ་བཀག་སྡོམ་བྱས་པ།

2026-10-20 09:58:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༠ཚེས་༡༩ཉིན་ཧྥ་རན་སེའི་ཙུང་ལིའི་ལས་ཤག་གིས།  འབྲེལ་ཡོད་གྲོང་སྤྱིའི་མོས་མཐུན་ཐོབ་པ་བརྒྱུད། ཧྥ་རན་སེའི་བྱང་རྒྱུད་མངའ་སྡེའི་གྲོང་ཁྱེར་དང་གྲོང་རྡལ་བཞིར་གཟའ་ཟླ་བ་དང་གཟའ་མིག་དམར་ལ་མཚན་འགྲུལ་བཀག་སྡོམ་ཆ་ཤས་ལག་བསྟར་བྱ་རྒྱུ་ཡིན་པ་དང་།  དུས་ཚོད་ནི་དགོང་མོའི་ཆུ་ཚོད་༢༠ནས་ཕྱི་ཉིན་ཞོགས་པའི་ཆུ་ཚོད་༦པའི་བར་ཡིན་པ་རེད།   
མཚན་འགྲུལ་བཀག་སྡོམ་བྱ་རྒྱུའི་གྲོང་རྡལ་ནང་ལིའར་དང་། ཏུའུ་ཨའེ། ཏེ་ནན། ཝ་ཏི་ཉི་བཅས་ཚུད་ཡོད།  ཧྥ་རན་སེའི་བྱང་རྒྱུད་མངའ་སྡེའི་སྲིད་གཞུང་གིས།  འབྲེལ་ཡོད་བྱ་ཐབས་དེ་དག་མིག་སྔར་སྔར་བཞིན་མཐའ་མའི་གཏན་འཁེལ་དུས་མཚམས་སུ་གནས་ཡོད་པ་དང་།  མཚན་འགྲུལ་བཀག་སྡོམ་གྱི་ཁྱབ་ཁོངས་དེ་གྲོང་ཁྱེར་དང་གྲོང་རྡལ་དེ་དག་གི་ས་ཁོངས་ཁག་གཅིག་དང་འབྲེལ་བ་ཡོད་ཅེས་བཤད་འདུག 
དེ་རྗེས་ཕ་རི་སིའི་ཉེན་རྟོག་སྤྱི་ཁྱབ་ཅུས་ཀྱིས།  ཕ་རི་སིའི་ཁྲོམ་ཁུལ་ཁག་གཅིག་ཏུ་གཟའ་ཟླ་བའི་ཆུ་ཚོད་༢༣ནས་གཟའ་མིག་དམར་གྱི་ཆུ་ཚོད་༦པའི་བར་མཚན་འགྲུལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། གཞན་ཡང་གཟའ་ཟླ་བའི་ཆུ་ཚོད་༢༠ནས་གཟའ་མིག་དམར་གྱི་ཆུ་ཚོད་༦པའི་བར་ཕ་རི་སིའི་ས་ཁོངས་ཁག་གཅིག་ཏུ་རྔམ་སྟོན་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་པ་རེད། །

中央广播电视总台 央广网 版权所有

ཧྥ་རན་སེའི་ཕ་རི་སི་སོགས་གྲོང་ཁྱེར་དང་གྲོང་རྡལ་མང་པོར་མཚན་འགྲུལ་བཀག་སྡོམ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༠ཚེས་༡༩ཉིན་ཧྥ་རན་སེའི་ཙུང་ལིའི་ལས་ཤག་གིས། འབྲེལ་ཡོད་གྲོང་སྤྱིའི་མོས་མཐུན་ཐོབ་པ་བརྒྱུད། ཧྥ་རན་སེའི་བྱང་རྒྱུད་མངའ་སྡེའི་གྲོང་ཁྱེར་དང་གྲོང་རྡལ་བཞིར་གཟའ་ཟླ་བ་དང་གཟའ་མིག་དམར་ལ་མཚན་འགྲུལ་བཀག་སྡོམ་ཆ་ཤས་ལག་བསྟར་བྱ་རྒྱུ་ཡིན་པ་དང་།