ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་ལྔ་པའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་རྗེས་ཀྱི་འགྲན་བསྡུར་ཉིན་དང་པོར་ཀྲུང་གོའི་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་གསེར་གྱི་རྟགས་མ་ཐོག་མ་དེ་བརྩོན་ལེན་བྱེད་བཞིན་པ།

2026-10-20 09:58:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་ལྔ་པའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཟླ་10ཚེས་18ཉིན་ལྗར་པན་དུ་འགོ་ཚུགས་ཡོད།  ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཁྱོན་ལུས་རྩལ་པ་312འགྲན་བསྡུར་ནང་ཞུགས་པར་བཏང་བ་དང་། ལུས་རྩལ་པ་ཚང་མ་ལས་ཞོར་ལསུ་རྩལ་པ་ཡིན་པ་རེད། 
ཚེས་18ཉིན་གྱི་དགོང་མོར་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་སྐྱེས་པའི་དབང་པོ་སྐྱོན་ཅན་གྱི་ལྗིད་འདེགས་ལུས་རྩལ་པ་ཡན་ཕན་ཕན་དང་བུད་མེད་དབང་པོ་སྐྱོན་ཅན་གྱི་ཐའེ་ཆོན་ཏའོ་དྲག་རྩལ་གྱི་ལུས་རྩལ་པ་ལི་ཡུས་ཅེ་ཡིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་འཛིན་མཁན་གྱི་འགན་འཁུར་ནས་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་ཚོགས་རར་ཞུགས་ཡོད། 
སྐབས་འདིའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ནང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཁྱོན་ལུས་རྩལ་པ་312བཏང་ཡོད་པ་དང་། རྣམ་གྲངས་ཆེ་གྲས་17དང་རྣམ་གྲངས་ཆུང་གྲས་335ཡི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། ལུས་རྩལ་པ་ཚང་མ་ལས་ཞོར་ལུས་རྩལ་པ་ཡིན་པ་དང་། སྐབས་འདིའི་འགྲན་ཚོགས་ནི་རང་རྒྱལ་མངའ་ཁོངས་ཕྱི་རོལ་དུ་གཉེར་བའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ལུས་རྩལ་པ་མང་ཤོས་ཀྱི་འགྲན་བསྡུར་དེ་ཡིན་པ་རེད། འགྲན་བསྡུར་གྱི་བཀོད་སྒྲིག་གཞིར་བཟུང་ཚེས་19ཉིན་ལྗིད་འདེགས་དང་། རྐང་འཁོར། ཆུ་རྐྱལ་སོགས་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་བརྩོན་ལེན་བྱེད་པའི་འགྲན་བསྡུར་ཐོག་མ་དེ་འགོ་འཛུགས་རྒྱུ་ཡིན་པ་དང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ནུས་ཤུགས་ཡོད་རྒུས་སྐབས་འདིའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
སྐབས་འདིའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཚེས་24ཉིན་བར་འཚོགས་རྒྱུ་ཡིན་པ་དང་། ཨ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ཡི་ལུས་རྩལ་པ་3000ལྷག་གིས་འགྲན་རར་འབད་བརྩོན་ཧུར་ཐག་བྱས་ཏེ་ཡར་ཐོན་ལྷུར་ལེན་གྱི་ཉམས་བཟང་མངོན་རྒྱུ་ཡིན་པ་རེད།  

中央广播电视总台 央广网 版权所有

སྐབས་ལྔ་པའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་རྗེས་ཀྱི་འགྲན་བསྡུར་ཉིན་དང་པོར་ཀྲུང་གོའི་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་གསེར་གྱི་རྟགས་མ་ཐོག་མ་དེ་བརྩོན་ལེན་བྱེད་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་ལྔ་པའི་ཨ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཟླ་10ཚེས་18ཉིན་ལྗར་པན་དུ་འགོ་ཚུགས་ཡོད།